[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་པ།

    ཀྲོང་ཡན་གྱིས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-08

     ཚེས་1ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་འཚོགས་ཏེ《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཀྱི་རྩ་གནད་ལ་དུས་དཀྱིལ་དཔྱད་དཔོག་བྱས་པའི་སྐོར་གྱི་སྙན་ཞུ》(ཞིབ་བཤེར་ཞུ་རྒྱུའི་མ་ཡིག)ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་པ་རེད།

    ཀྲོང་ཡན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ནང་ལྗོངས་ཕྱི་ནང་དུ་འཕྲད་པའི་དུས་བབ་གསར་པ་དང་འགལ་ཟླ་གསར་པར་དབྱེ་ཞིབ་གཏིང་ཟབ་བྱས་ཡོད་ལ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་དང་འགྱུར་ལྡོག་གསར་པར་བསྟུན་ནས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་ཡོད་པས་རང་ལྗོངས་འདི་ཉིད་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་རེད།

    ལོ་ལྔའི་འཆར་འགོད་ཀྱི་རྩ་གནད་ལ་དུས་དཀྱིལ་གྱི་དཔྱད་དཔོག་བྱེད་པ་ནི་ཁྲིམས་གཏན་འཁེལ་བའི་གོ་རིམ་ཞིག་རེད། 《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཀྱི་རྩ་གནད་ལ་དུས་དཀྱིལ་གྱི་དཔྱད་དཔོག་བྱས་པའི་སྐོར་གྱི་སྙན་ཞུ》(ཞིབ་བཤེར་ཞུ་རྒྱུའི་མ་ཡིག)ནང་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། གནད་དོན་ལ་དབྱེ་ཞིབ་གནད་འཁེལ། དུས་བབ་ལ་བརྡར་གཅོད་གཏིང་ཟབ། གྲོས་འགོ་གནད་སྨིན་བཏོན་པ་བཅས་དང་མཛུབ་སྟོན་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་ཆེ་ཙམ་ལྡན་ཡོད་པས་སྤུས་ཚད་ཅུང་མཐོ་བའི་དཔྱད་དཔོག་སྙན་ཞུ་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་དུས་དཀྱིལ་དཔྱད་དཔོག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་གནད་དོན་གྱི་ཞན་ཆ་དང་དམིགས་ཚད་ལས་འགན་ལ་དམིགས་ནས་ཕྱར་བ་གྲུ་འདེགས་ངང་ལས་དོན་འདི་ཏན་ཏིག་དང་། ཞིབ་ཕྲ། ཡག་པོ་བཅས་སྒྲུབ་དགོས་ཞེས་གསུངས།

    ཀྲོང་ཡན་གྱིས་རིམ་ཁག་སྡེ་ཚན་ཁག་གིས་རྒྱལ་ཁབ་ཀྱི་སྤྱི་ཁོག་དཔལ་འབྱོར་དུས་བབ་ཀྱི་འགྱུར་ལྡོག་དང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་སྟངས་འཛིན་ཡང་དག་བྱས་ཏེ་སྲོག་ཤིང་ལ་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་དང་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་དོན་ཆེན་གསུམ་ལ་དམ་པོར་དམིགས་པ། འགག་སྒྲོལ་དམག་འཐབ་ཆེ་མོ་གསུམ་ཡག་པོ་བརྒྱབ་སྟེ་རྒྱལ་ཁ་ལེན་རྒྱུར་དམིགས་པ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་བརྗོད་དོན་གཙོ་བོའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། དམངས་འཚོ་ལེགས་གཏོང་དང་ཞན་ཆ་གསབ་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་གལ་ཆེན། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས། སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་སྐྲུན་པ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ལས་འགན་གལ་ཆེན་ལག་ལེན་ཡག་པོ་བསྟར་བ་བཅས་ཀྱིས“གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚད”ཀྱི་རྩ་དོན་གཞིར་བཟུང་ཚན་རིག་དང་མཐུན་པའི་འཆར་འགོད་བཟོ་བ་དང་དཔྱད་དཔོག་ལག་བསྟར་གྱི་རྨང་གཞིའི་ཐོག་དངོས་ཐོག་བདེན་འཚོལ་གྱིས་འཆར་འགོད་ལེགས་སྒྲིག་གི་གྲོས་འགོ་འདོན་དགོས། དེ་དང་ཆབས་ཅིག རྒྱལ་ཁབ་ཀྱིས་གཤམ་བསྒྲགས་བྱས་པའི་འཆུན་འདོམས་རང་བཞིན་གྱི་འཆར་འགོད་དམིགས་ཚད་ཐད་ལས་དོན་སྒྲུབ་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་ལག་བསྟར་གྱི་འཕེལ་རིམ་མགྱོགས་སུ་བཏང་ནས་འཆར་འགོད་དམིགས་ཚད་དུས་བཀག་ལྟར་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། འཆར་འགོད་ཀྱི་དབང་གྲགས་རང་བཞིན་དང་སྒམ་ནན་རང་བཞིན་ལ་སྲུང་སྐྱོང་བྱེད་དགོས། རང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་སྔོན་དཔག་རང་བཞིན་གྱི་དམིགས་ཚད་ཐད་ལས་ཀའི་བསམ་ཕྱོགས་གསར་གཏོད་དང་། ལས་ཀའི་བྱ་ཐབས་ལ་ཤུགས་སྣོན། ལྟ་ཞིབ་བྱེད་ཤུགས་ཆེར་གཏོང་བཅས་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་སླེབས་སྐབས་ཚང་མ་ལེགས་གྲུབ་ཡོང་བའི་བརྩོན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།