[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཏིང་ཡེ་ཤན་གྱིས་ལྷ་ལྡན་གཙུག་ལག་ཁང་དང་ལྷ་སའི་དབྱི་སི་ལམ་ཕྱག་ཁང་ཆེ་མོའི་ཆོས་ལུགས་དོ་དམ་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-03

    ཚེས་1ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་ལྷ་ལྡན་གཙུག་ལག་ཁང་དང་ལྷ་སའི་དབྱི་སི་ལམ་ཕྱག་ཁང་ཆེ་མོའི་ཆོས་ལུགས་དོ་དམ་ལས་དོན་ལ་བརྟག་ཞིབ་གནང་སྐབས། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། “ཁྲིད་སྟོན”ཐད་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། རྒྱ་ཆེའི་གྲྭ་བཙུན་ཚོར་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན། བཅའ་ཁྲིམས་ཁྲིམས་སྲོལ་དང་སྡོམ་ཁྲིམས་བརྟན་པོ་སྲུང་བ་བཅས་བྱ་རྒྱུའི་སློབ་གསོ་བཏང་སྟེ། ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཏིང་ཡེ་ཤན་གྱིས་ལྷ་ལྡན་གཙུག་ལག་ཁང་དང་ལྷ་སའི་དབྱི་སི་ལམ་ཕྱག་ཁང་ཆེ་མོར་ཆོས་ལུགས་དོ་དམ་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་།

    ཁོང་གིས་དགོན་སྡེས་མུ་མཐུད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། “ཚད་གཞི་བཞི་བརྩི་སྲུང་ལག་བསྟར་གྱིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་བ་དང་དགོན་སྡེ་དོ་དམ་ལ་རྒྱུན་ཆད་མེད་པར་གསར་གཏོད་དང་ཤུགས་སྣོན་བརྒྱབ་ནས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁ་ཕྲལ་ལ་ངོ་རྒོལ། བརྟན་ལྷིང་སྲུང་སྐྱོང་སོགས་ཐད་དགེ་མཚན་ལྡན་པའི་ནུས་པ་དེ་བས་ཆེ་བ་འདོན་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་དགོན་སྡེ་དོ་དམ་ཨུ་ལྷན་དང་རྒྱ་ཆེའི་དགོན་སྡོད་ལས་བྱེད་པ་ཚོས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། “གདེང་ཚོད་བཞི”ཆེ་རུ་གཏོང་བ། “སྲུང་སྐྱོང་གཉིས”ལག་ལེན་བསྟར་བ་བཅས་བྱས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བ་དང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་ཕྱིར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

    ཏིང་ཡེ་ཤན་གྱིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་ལྷག་དོན་དུ་འཐབ་ཕྱོགས་གཅིག་གྱུར་དང་། མི་རིགས་ཆོས་ལུགས་ལས་དོན་སྡེ་ཚན། རྒྱ་ཆེའི་དགོན་སྡོད་ལས་བྱེད་པ་ཚོས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པར་གཞི་ཚུགས་པ་དང་། དམིགས་ཚད་གསར་པར་དམིགས་པ། བླང་བྱ་གསར་པ་དོན་འཁྱོལ་བཅས་བྱས་ཏེ་རང་ལྗོངས་ཀྱི་ཆོས་ལུགས་དོ་དམ་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་སྟེ། གཅིག་ནས་ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཆོས་ལུགས་ཀྱི་གནད་དོན་ཐག་གཅོད་བྱེད་ནུས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། ཆོས་ལུགས་ལས་དོན་ཉིན་རེའི་ལས་ཀའི་གྲོས་རིམ་གལ་ཆེན་ནང་འཇུག་པ་བཅས་བྱས་ནས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཆོས་ལུགས་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱ་རྒྱུ་དེ་ཉིད་རང་ལྗོངས་ཀྱི་ཆོས་ལུགས་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྡོམ་ཁྲིམས་དང་བསྟན་དོན་ལ་དེང་རབས་ཀྱི་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་བླང་བྱ་དང་མཐུན་ལ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཡང་མཐུན་པའི་འགྲེལ་བཤད་རྒྱག་པ། བོད་བརྒྱུད་ནང་བསྟན་དང་ཀྲུང་ཧྭའི་རིག་གནས་ཕན་ཚུན་མཉམ་འདྲེས་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། ཆོས་ལུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་ཆེ་ཤོས་འདོན་སྤེལ་བྱེད་དགོས་པ། གསུམ་ནས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། “ཁྲིད་སྟོན”ལ་བསམ་གཞིག་ཟབ་མོ་དང་སྟངས་འཛིན་ཡང་དག་བྱེད་པ། ཁྲིད་སྟོན་ལ་ཁ་ཕྱོགས་ཡོད་པ་དང་། བྱེད་ཤུགས་ཡོད་པ། ལག་ལེན་བསྟར་ནུས་ཡོད་པ་བཅས་བྱས་ཏེ། ཆོས་ལུགས་ལས་དོན་གྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས་པ། བཞི་ནས་ཆོས་ལུགས་དང་ཆོས་ལུགས་ལས་དོན་གྱི་གཞི་རྩའི་ཆོས་ཉིད་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་དམིགས་བསལ་རང་བཞིན་དང་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཆུད་པ་དང་། གཙོ་གནད་འབུར་དུ་ཐོན་པ། གནད་སྨིན་ཇུས་བསྟར། དགོན་སྡེ་དོ་དམ་དེ་ཉིད་ཆོས་ལུགས་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ། ཁྲིམས་ལྟར་དོ་དམ་དང་། དམངས་གཙོའི་དོ་དམ། སྤྱི་ཚོགས་དོ་དམ་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དགོན་སྡེ་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་གསར་གཏོད་བྱེད་དགོས་པ། ལྔ་ནས་བཟོ་ཚོགས་དང་། གཞོན་ནུ་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚོགས་པ་དང་རྩ་འཛུགས་ཀྱི་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དད་ལྡན་མང་ཚོགས་ཚོར་སེམས་ནུས་མང་ཆེ་བ་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ལེགས་གཏོང་། ཚེ་འདིའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་ཀྱི་ཐོག་འཇོག་རྒྱུར་སློབ་གསོ་ཁྲིད་སྟོན་དང་སྣེ་ཁྲིད་བྱེད་དགོས་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།