[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-12

    ཚེས་9ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་ཀྱི“ལམ་ལུཌ་གཉིས”འབྲེལ་མཐུད་ནུས་ལྡན་ཐུབ་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་དང་དབུལ་སྐྱོར་གྱི་ཚད་གཞིའི“ཚད་གཞི་གཉིས་གཅིག་སྒྲིལ”ལ་སྐུལ་འདེད་གཏོང་རྒྱུར་ཞིབ་འཇུག་གནང་བ་དང་། 2017ལོའི་ལོ་འཁོར་གྱི་རིམ་པ་དེ་གའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་ཡོང་འབབ་གཞན་དག་ལ་རྩིས་བཤེར་བྱེད་རིང་ཞིབ་བཤེར་ཐུབ་པའི་གནད་དོན་དག་ཐེར་ལས་དོན་སྤེལ་ནས་ཏན་ཏིག་དང་ནུས་ལྡན་གྱི་སྒོ་ནས་དག་ཐེར་གྲུབ་འབྲས་ལ་བརྟེན་ཏེ་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་བརྟན་པོ་དང་དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་རྒྱུའི་སྐོར་བཀོད་སྒྲིག་གནང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུའི་ཐད་ཞིབ་འཇུག་གནང་བ་རེད།

    ཚོགས་འདུའི་ཐོག་ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་འབབ་ས་བཅས་ལ་དམ་པོར་དམིགས་པས་སྤྱི་ཚོགས་འགན་སྲུང་གི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད་ཅེས་བསྟན་པ་རེད། ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་རིང་གི་སྤྱི་ཚོགས་རོགས་སྐྱོབ་ཀྱི་ཐ་སྐྱོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་གྱི་སྲིད་ཇུས་སྦྲེལ་མཐུད་ནུས་ལྡན་ཐུབ་པའི་ལས་དོན་མུ་མཐུད་ལེགས་པར་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྐྱིད་ཚོར་སེམས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཞིབ་བསམ་འཆར་སྔར་བས་དོན་འཁྱོལ་བྱས་ནས་རྩིས་བཤེར་ལས་དོན་ཏན་ཏིག་ངང་ལེགས་པར་སྒྲུབ་ཆེད། ཚོགས་འདུའི་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། དག་ཐེར་གྱི་ལས་འགན་དོན་འཁྱོལ་ནན་པོ་བྱེད་པ། དག་ཐེར་ལས་འགན་གྱི་གསལ་ཐོ་བཟོ་བ། དག་ཐེར་ལས་དོན་གྱི་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དུས་བཀག་ལྟར་དག་ཐེར་གྱི་གྲུབ་འབྲས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་རྗེས་སྤྱི་ཚོགས་སུ་ཡོངས་བསྒྲགས་ཐུབ་པའི་འགན་ལེན་བྱེད་དགོས། གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་དང་། འབྲེལ་ཡོད་ཀྱི་སྒྲིག་སྲོལ་ལམ་སྲོལ་རྒྱུན་ཆད་མེད་པར་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རྩིས་བཤེར་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྩིས་བཤེར་ལྟ་སྐུལ་ཕྱོགས་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་དེ་བས་ཆེ་བའི་དཔའ་སྟོབས་དང་། དེ་བས་ཏན་ཏིག་གི་བྱ་ཐབས་ལ་བརྟེན་ནས་འཛམ་གླིང་ཐོག་གི་དག་ཞིང་མཐའ་མར་སྲུང་སྐྱོང་ཡག་པོ་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་དང་། བྱ་ཐབས་སྣ་ཚོགས་སྤྱད་དེ་འགྱིག་ཤོག་སྦགས་བཙོག་གི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད། རྫོང་དང་ཆུས་ཀྱི་གད་སྙིགས་དང་བཙོག་ཆུ་ཐག་གཅོད་ཀྱི་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་བྱེད་དགོས། ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་དང་། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན། ལྟ་བཤེར་གྱི་རལ་གྲི་རྣོན་པོ་ཡག་པོ་སྤྱོད་པ་བཅས་བྱས་ནས་བོད་ཀྱི་རི་དེ་བས་སྔོ་བ་དང་། ཆུ་མོ་དེ་བས་དྭངས་བ། མཁའ་རླུང་དེ་བས་གཙང་བ་བཅས་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    ཚོགས་འདུའི་ཐོག་ད་ལྟ་ལག་ལེན་བསྟར་བཞིན་པའི་རང་སྐྱོང་ལྗོངས་རིམ་པའི་འགན་དབང་གསལ་ཐོ་སྟབས་བསྟུན་ལེགས་སྒྲིག་མོས་མཐུན་བྱས་པ་རེད། ཚོགས་འདུའི་ཐོག་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་དོན་སྒྲུབ་བཞིན་པ་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་བྱ་ཐབས་གསར་གཏོད་དང་ཤུགས་སྣོན་རྒྱག་པ། ཁྲོམ་ར་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཆིང་ཐག་ལས་གང་མགྱོགས་སྒྲོལ་ཐུབ་པ་བཅས་བྱས་ནས་ཁྲོམ་རའི་གསོན་ཤུགས་དེ་བས་ཆེ་བའི་ངང་འཕེལ་བ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས། “དྲ་སྦྲེལ་+སྲིད་དོན་ཞབས་ཞུའི”འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཞན་ཆ་ནུས་ལྡན་གསབ་ནས“གྲངས་གཞི་མང་ཙམ་སྤྱོད་ཐུབ་པ་དང་། མང་ཚོགས་ཕར་འགྲོ་ཚུར་འོང་ཉུང་ཙམ་ཐུབ་པ”བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    ཚོགས་འདུའི་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་ལེན་ལམ་ལུགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་དང་། འགན་ལེན་དེ་བས་དྲང་གཞག་དང་། དོ་དམ་ཞབས་ཞུ་དེ་བས་ཚད་ལྡན། སྨན་བཅོས་ཐོན་ཁུངས་བེད་སྤྱོད་དེ་བས་ཕན་འབྲས་ལྡན་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་བྱས་ཏེ་དམངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་མ་ལག་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།