[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཙེང་དབན་མིང་རང་སྐྱོང་ལྗོངས་ཀྱི་མང་ཚོགས་ཚོགས་པའི་སྒྱུར་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་སྐུལ་འདེད་ཚོགས་འདུ་ཐེངས་བཞི་པར་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-11

     ཟླ་10ཚེས་8ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་གིས་རང་སྐྱོང་ལྗོངས་ཀྱི་མང་ཚོགས་ཚོགས་པའི་སྒྱུར་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་སྐུལ་འདེད་ཚོགས་འདུ་ཐེངས་བཞི་པའི་ཐོག འགན་འཁྲི་ཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཆེ་རུ་བཏང་སྟེ་མང་ཚོགས་ཚོགས་པའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ“འདུ་ཤེས་བཞི”དང“སྲུང་སྐྱོང་གཉིས”ལ་ཞིབ་དཔྱད་བྱེད་པའི་རྡོ་ཀ་ཤུ་ཀ་ལྟ་བུར་བརྩིས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། སྒྱུར་བཅོས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ། སྒྱུར་བཅོས་ཀྱི་འགན་འཁྲི་ཁུར་སེམས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཚོགས་པའི་སྒྱུར་བཅོས་གཏིང་ཟབ་དང་དངོས་ཡོད་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཚོགས་འདུར་ཕེབས་པ་རེད།

    ཙེང་དབན་མིང་གིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དགོངས་དོན་ཁོང་དུ་ཆུད་པར་བྱས་ཏེ་སྒྱུར་བཅོས་ཀྱི་ཇུས་གཞི་ཡག་པོ་བཟོ་བ་དང་། འཐུས་སྒོ་ཚང་དུ་གཏོང་བ། དོན་འཁྱོལ་ཡག་པོ་བཅས་བྱས་ཏེ“མི་འདང་བ་བཞིའི”གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་པ་དང་། བྱེད་པོའི་འགན་འཁྲི་རང་འགུལ་ངང་ཁུར་ཏེ་ཞིབ་འཇུག་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རིམ་པ་དེ་གའི་སྒྱུར་བཅོས་ལ་དམ་འཛིན་ཡག་པོ་བྱས་ཏེ་གྲོང་ཁྱེར་དང་། ས་ཁུལ་དང་། རྫོང་དང་། ཆུས་ཀྱི་སྒྱུར་བཅོས་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་གནད་གཤམ་སྒྱུར་དང་སྟོབས་ཤུགས་གཤམ་སྐྱོད་བྱས་ཏེ་གཞི་རིམ་གྱི་མང་ཚོགས་ཚོགས་པའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། དྲ་ཐོག་ཏུ་མང་ཚོགས་ཚོགས་པ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ཀྱི་ནུས་པ་མངོན་གསལ་དོད་དུ་དང་ཞབས་ཞུའི་ཁྱད་ཆོས་ཆེ་རུ་བཏང་ནས་ལེ་ཚན་བཀོད་སྒྲིག་དང་ནང་དོན་སྒྲིག་བཟོ་སོགས་ཀྱི་ཐད་དུས་རབས་ཀྱི་རང་བཞིན་དང་། དམིགས་སའི་རང་བཞིན། ཕན་འབྲས་རང་བཞིན་བཅས་མངོན་པར་བྱེད་དགོས། དོན་དངོས་དང་བསྟུན་ནས་གཅིག་ལྕོགས་དང་གནས་སྦྱར་ལས་བྱེད་བསྐོ་གཞག་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས་དང་། གཅིག་ལྕོགས་དང་གནས་སྦྱར་ལས་བྱེད་ཀྱི་གོ་མིང་དཔྱད་འདེམས་ལས་ཀའི་ཁ་གསབ་བྱ་ཐབས་སོགས་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ལས་བྱེད་པར་དོ་དམ་བྱེད་པའི་གནད་དོན་སེལ་བར་ཤུགས་སྣོན་རྒྱག་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    ཙེང་དབན་མིང་གིས་མང་ཚོགས་ཚོགས་པའི་རྩ་འཛུགས་དང་བྱ་གཞག་ཚན་པའི་སྒྲིག་གཞི་སྒྱུར་བཅོས་ལ་སྤྱི་འདོམས་ངང་སྐུལ་འདེད་བཏང་ནས་མང་ཚོགས་ཚོགས་པའི་སྒྱུར་བཅོས་དང་། བྱ་གཞག་ཚན་པའི་སྒྱུར་བཅོས། ཏང་སྲིད་སྒྲིག་གཞིའི་སྒྱུར་བཅོས་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། ལས་ཀའི་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། བཀོད་སྒྲིག་སྔ་ཙམ་བྱེད་པ། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་དུ་གཏོང་བ། ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། སྒྱུར་བཅོས་ཀྱི་མཉམ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤྱི་ཡོངས་ཀྱི་ཕན་འབྲས་ཐོན་པར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།