[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པས་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

    བོད་ཀྱི་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་གནས་ཚུལ་ལ་གྲོས་ཞིབ་བྱས་པ་དང་འབྲེལ་ཆེད་དོན་འདྲི་རྩད་བྱས་པ།

    བློ་བཟང་རྒྱལ་མཚན་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-01

    ཚེས་29ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པས་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུ་འཚོགས་ཏེ་བོད་ཀྱི་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་གནས་ཚུལ་ལ་གྲོས་ཞིབ་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ་དང་ཟུང་འབྲེལ་བྱས་ནས་ཆེད་དོན་འདྲི་རྩད་བྱས་ཤིང་། དེ་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འདྲི་རྩད་བྱེད་ཐེངས་དང་པོ་དེ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རྡོ་ཐོཌ་དང་ཞུས་ཞུའེ་ཀོང་སོགས་ཕེབས་ཤིང་། ཚོཌ་འདུ་དེ་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འོད་ཟེར་གྱིས་གཙོ་སྐྱོང་གནང་བ་རེད། 

    ཆེད་དོན་འདྲི་རྩད་བྱེད་རིང་འོད་ཟེར་དང་། ཞུས་ཞུའེ་ཀོང་། ཅུས་ཅན་ཧྭ། ལི་ཝུན་ཧན་བཅས་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལི་ཀྲེན་དང་། རྡོ་རྗེ་ཚེ་རིང་། ཧན་ཤང་དབྱང་། ཚེ་རིང་རྒྱལ་བསྟན། ཁྲེང་སྲི་ཆོས་བཅས་ཀྱིས་ལྗོངས་ཡོངས་ཀྱི་མཐའ་མཚམས་ལས་དོན་ཚོགས་འདུ་འཚོགས་ཚུན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བྱེད་ཐབས་གང་དག་སྤྱད་ནས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ་དང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ་དང་། ནོར་སྲིད་མ་དངུལ་གྱི་གཟིགས་སྐྱོང་རྒྱབ་སྐྱོར་དང་མཐའ་མཚམས་མི་སེར་གྱི་ཁ་གསབ་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཐད་ལས་དོན་གང་དག་སྤེལ་བ། ཇི་ལྟར་བྱས་ཏེ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་འཕེལ་རྒྱས་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ། མཐའ་མཚམས་ས་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་ཐད་ཕན་འབྲས་གང་དག་ཐོན་པ། མཐའ་མཚམས་གཞུང་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་ཐད་ལས་དོན་གང་དག་སྤེལ་བ། མཐའ་མཚམས་ས་ཁུལ་གྱི་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ཐད་ཕན་འབྲས་ཇི་འདྲ་ཐོན་པ། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་ལས་གྲྭ་འཛུགས་སྐྲུན་དང་། གཙོ་གནད་ཆུ་འགོའི་ལས་གྲྭ་ཁག་གཅིག་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ། “ཆུ་བེད་ཆུང་གྲས་ལྔའི”ལས་གྲྭ་གཙོ་གནད་དུ་ལག་ལེན་བསྟར་བ་སོགས་ཀྱི་ཐད་བྱེད་ཐབས་གང་དག་སྤྱད་པ་དང་ཇི་ལྟར་བྱས་ཏེ་མཐའ་མཚམས་མི་དམངས་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱེད་པ། ཇི་ལྟར་བྱས་ཏེ་སྒོ་དབྱེ་རྒྱ་ཆེ་དང་མཐའ་མཚམས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་འབྲེལ་བ་ཐག་གཅོད་བྱེད་པ་དང་བྱེད་ཐབས་གང་དག་སྤྱད་དེ་མཐའ་མཚམས་ས་ཁུལ་གྱི་ཡུལ་སྐོར་དང་ཚོང་དོན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ།  མཐའ་མཚམས་ས་ཁུལ་གྱི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ད་ལྟའི་གནས་བབ་ཇི་འདྲ་ཡོད་པ་དང་བྱེད་ཐབས་གང་དག་སྤྱད་ནས་མཐའ་མཚམས་ས་ཁུལ་གྱི་ཐོན་ལས་དབུལ་སྐྱོར་དང་སྣོད་བཅུད་དབུལ་སྐྱོར་ལ་སྤྱི་འདོམས་བྱས་པ་སོཌ་ལ་དམིཌ་ནས་འདྲི་རྩད་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེ་དང་ནོར་སྲིད་ཐིང་དང་། འཕེལ་སྒྱུར་ཨུ་ལྷན། སློབ་གསོ་ཐིང་། མི་སྤྱི་ཐིང་། འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན། འགྲིམ་འགྲུལ་ཐིང་། ཞིང་འབྲོག་ཐིང་། ཆུ་བེད་ཐིང་། ཚོང་དོན་ཐིང་། ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན། དབུལ་སྐྱོར་གཞུང་དོན་ཁང་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་ཚོགས་འདུར་ཕེབས་ནས་འདྲི་རྩད་དང་ལེན་ཞུས་པ་དང་འདྲི་བ་རེ་རེ་བཞིན་ལན་བརྒྱབ་ཅིང་། དྲི་བ་འདོན་པ་དང་ལན་རྒྱག་པའི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་པ་རེད། 

    བློ་བཟང་རྒྱལ་མཚན་གྱིས་ཟིན་ཐོ་ནན་ཏན་བཀོད་གནང་བ་དང་སྐབས་རེ་འདྲི་རྩད་ཀྱང་གནང་བ་རེད། ཁོང་གིས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་ཡིན་པ་དང་། ལྟ་སྐུལ་གྱི་དམིགས་ཡུལ་ནི་ཏང་ཀྲུང་དབྱང་དང་རིམ་པ་དེ་མཚུངས་ཀྱི་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་པ་དང་། མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་དང་མངོན་འགྱུར་ཐུབ་པའི་འགན་ལེན་བྱ་ཆེད་རེད། ཆེད་དོན་འདྲི་རྩད་སྤེལ་རྒྱུ་དེ་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་ལྟ་སྐུལ་དང་ཡང་དག་པའི་སྒོ་ནས་ལྟ་སྐུལ་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་པས་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་པ་གཏིང་ཟབ་དང་ཕུན་སུམ་ཚོགས་པའི་སྙིང་དོན་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་བློ་རྩེ་གཅིག་སྒྲིམ་གྱིས་གོ་བ་བླངས་ཏེ་དམག་དཔུང་འདུས་སྡོད་དང་དམངས་སེམས་བདེ་འགོད་གལ་ཆེ་མཉམ་བརྩི་དང་མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་བརྩི་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་སྲིད་ཇུས་ཀྱི་བྱེད་ཐབས་ནུས་ལྡན་སྤྱད་དེ་མཐའ་མཚམས་འཕེལ་རྒྱས་མགྱོཌ་སུ་གཏོང་བ་དང་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་ཀྱི་བདེ་འཇཌ་འགན་ལེན་བྱས་ནས་དུས་རབས་གསར་པའི་རང་ལྗོངས་ཀྱི་མཐའ་མཚམས་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གསར་གཏོད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།