[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • སྤེན་པ་བཀྲ་ཤིས་ཀྱིས་རང་སྐྱོང་ལྗོངས་ཀྱི་དྲ་སྦྲེལ་ཏང་དོན་ཨུ་ལྷན་གྱི་ཆེད་དོན་ཚོགས་འདུ་འཚོགས་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-14

    ཚེས་10ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའི་པུའུ་ཀྲང་། ལྗོངས་དྲ་སྦྲེལ་ཏང་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་སྤེན་པ་བཀྲ་ཤིས་ཀྱིས་རང་སྐྱོང་ལྗོངས་དྲ་སྦྲེལ་ཏང་དོན་ཨུ་ལྷན་གྱི་ཆེད་དོན་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་རེད།

    སྤེན་པ་བཀྲ་ཤིས་ཀྱིས་ལྗོངས་ཡོངས་ཀྱི་དྲ་འཕྲིན་ཁོངས་གཏོགས་ཀྱིས“འདུ་ཤེས་བཞི”བརྟན་པོ་བཙུགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་དང་དོན་ཆེན་ཨང་དང་པོར་བརྩིས་ནས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། གོ་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་། སློབ་སྦྱོང་གཏིང་ཟབ། སློབ་སྦྱོང་ཡང་ཡང་། ཟུང་འབྲེལ་བྱས་ནས་སློབ་སྦྱོང་། སྤེལ་རེས་སློབ་སྦྱོང་བཅས་བྱས་ཏེ་དངོས་འབྲེལ་སློབ་སྦྱོང་ཐུབ་པ་དང་། དངོས་འབྲེལ་ཤེས་པ། དངོས་འབྲེལ་ཡིད་ཆེས་བྱེད་པ། དངོས་འབྲེལ་བེད་སྤྱོད་བཅས་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་བྱེད་པ་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དེ་དྲ་འཕྲིན་ལས་དོན་གྱི་བསམ་བློའི་གོ་མཚོན་དང་། བྱ་སྤྱོད་ཀྱི་ཕྱོགས་སྟོན། རྩ་བའི་གཞི་འཛིན་ས་བཅས་སུ་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    སྤེན་པ་བཀྲ་ཤིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དེ་དྲ་འཕྲིན་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་བྱས་ནས་གོང་བུ་འགྲིལ་ཤུགས་དང་ཁྲིད་སྟོན་ནུས་པ་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཧུར་ཐག་གཏོད་དགོས། དྲ་ཐོག་གི་དྲང་ནུས་སྔར་བས་ཆེན་པོ་ཆགས་པ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་གྱི་གྲུབ་འབྲས་ཐོན་པའི་ལག་ལེན་ལས་ཐོབ་པའི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། གྲུབ་འབྲས་གསར་པ་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས། སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་ནས་གཙོ་རྒྱུན་སྨྱན་སྦྱོར་གསར་པ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གསར་འགྱུར་གླེང་ཕྱོགས་ཀྱི་ཁྱབ་སྤེལ་ནུས་ཤུགས་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ཐེབས་ནུས། ཀུན་མོས་ཐོབ་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཏཱ་ལའི་རུ་ཚོགས་ཀྱིས་དྲ་བ་སྤྱད་ནས་སིམ་འཛུལ་གཏོར་བཤིག་གི་བྱེད་སྤྱོད་སྤེལ་རྒྱུར་དོགས་ཟོན་ནན་པོ་བྱེད་པ་དང་རྡུང་རྡེག་ཚ་ནན་བཏང་སྟེ་དྲ་རྒྱའི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགོ་ཁྲིད་དབང་ཆ་དང་། རང་འགུལ་དབང་ཆ། སྐད་ཆ་ཤོད་དབང་བཅས་སྟངས་འཛིན་ནན་པོ་བྱས་ཏེ་དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས། དྲ་འཕྲིན་ལས་དོན་ལ་ཆབ་སྲིད་རང་བཞིན་དང་། སྲིད་ཇུས་རང་བཞིན། ཆེད་ལས་རང་བཞིན། ལག་རྩལ་རང་བཞིན་བཅས་ཆེན་པོ་ཡོད་པས་ཕྱོགས་ཡོངས་ནས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་། འགྲོ་ནུས་དང་། ལྟ་ནུས། བསམ་ནུས། རྩོམ་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་ལ་བརྟེན་ནས་ལག་རྩལ་གསར་པ་ལས་བྱུང་བའི་འགྲན་སློང་གསར་པ་བསུས་ཏེ་དྲ་རྒྱ་སྤྱོད་པ་དང་དྲ་རྒྱར་དོ་དམ་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་འགྱུར་གྲངས་ཆེ་ཤོས་ཡིན་པའི་དྲ་སྦྲེལ་དེ་བྱ་གཞག་འཕེལ་རྒྱས་གཏོང་བའི་འཕར་གྲངས་ཆེ་ཤོས་སུ་འགྱུར་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།