[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་འགོ་ཚུགས་པ།

    འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-09

    ཚེས་7ཉིན་གྱི་སྔ་དྲོ། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་ལྷ་སར་འགོ་ཚུགས་ཤིང་། དུས་ཡུན་ཉིན་གཉིས་རིང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཨུ་ཡོན་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་པ་དང་རང་ལྗོངས་ཀྱི“མཐའ་མཚམས་བདེ་འཇགས་དང་། མཐའ་མཚམས་སྲ་བརྟན། མཐའ་མཚམས་དར་རྒྱས”བཅས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། གྲོས་མོལ་དང་ཐབས་འདོན་ཇུས་འདོན་ཧུར་ཐག་བྱས་ཏེ་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་འཆར་གཞི་ཆེན་པོར་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་དང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། བློ་བཟང་འགྱུར་མེད། རྫོང་ལོ་བྱམས་པ་མཁས་གྲུབ། ང་ཕོད་འཇིགས་ཡོན། སངས་རྒྱས་གྲགས་པ། སྒྲོལ་དཀར། ལེ་ཀུའེ་ལུང་། བཀྲ་ཤིས་ཟླ་བ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ད་རེས་ཀྱི་ཚོགས་འདུའི་ལས་འགན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་རྒྱུའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་མཐའ་འཁྱོངས་དང་། 

    སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས། རྒྱལ་ཁབ་ཀྱི་ཁེ་ཕན་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཕྱི་འབྲེལ་ལ་བསྟུན་རྒྱུ་མཐའ་འཁྱོངས། འགལ་ཟླ་གཙོ་བོ་དང་དམིགས་བསལ་གྱི་འགལ་ཟླར་དམ་པོར་དམིགས་པ་བཅས་བྱས་ཏེ། ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་། དམག་དཔུང་འདུས་སྡོད་དང་དམངས་སེམས་བདེ་འཁོད་གལ་ཆེ་མཉམ་དུ་འཛིན་པ་དང་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་དར་རྒྱས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས། བརྟག་དཔྱད་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག་ཆེད་དོན་དང་གྲོས་མོལ་སྲིད་གླེང་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དར་རྒྱས་དང་། མཐའ་མཚམས་མང་ཚོགས་འབྱོར་ཕྱུག མི་རིགས་མཐུན་སྒྲིལ། སྣོད་བཅུད་བཟང་བ། སྤྱི་ཚོགས་ཞི་མཐུན་བཅས་ལ་སྐུལ་འདེད་གཏོང་བ་དང་མཐའ་མཚམས་ས་ཁུལ་གྱིས་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དང་ལྗོངས་ཡོངས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱས་ཏེ་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སྲ་བརྟན་དུ་གཏོང་ཆེད་ཇུས་འདོན་ཤུགས་འདོན་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

    ཚོགས་འདུའི་ཐོག་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་རང་ལྗོངས་ཀྱི“མཐའ་མཚམས་བདེ་འཇགས་དང་། མཐའ་མཚམས་སྲ་བརྟན། མཐའ་མཚམས་དར་རྒྱས”བཅས་སྐོར་གྱི་ལས་དོན་སྙན་སྒྲོན་གནང་བ། ལྗོངས་ཏང་ཨུད་རྩ་འཛུགས་པུའི་འགན་འཁུར་བློ་མཐུན་གྱིས་མི་དོན་དོན་གནད་སྐོར་ལ་གསལ་བཤད་བསྐྱོན་པ་རེད།

    འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་བློ་མཐུན་ལུའོ་མེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཚབ་ཞུས་ནས་གནང་བའི་རང་ལྗོངས་ཀྱི“མཐའ་མཚམས་བདེ་འཇགས་དང་། མཐའ་མཚམས་སྲ་བརྟན། མཐའ་མཚམས་དར་རྒྱས”བཅས་ཀྱི་ལས་དོན་སྙན་སྒྲོན་དེས་ང་ཚོར་སྔར་བས་ལེགས་པའི་སྒོ་ནས་གནས་ཚུལ་ཤེས་རྟོགས་དང་སྲིད་དོན་གསལ་རྟོགས་དང་། རང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་གནས་ཚུལ་སྔར་བས་གནད་སྨིན་ཁོང་དུ་ཆུད་པ། དེ་བས་དངོས་སྒྲུབ་ནུས་ལྡན་གྱི་སྒོ་ནས་གྲོས་མོལ་སྲིད་གླེང་བཅས་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། “མཐའ་མཚམས་བདེ་འཇགས་དང་། མཐའ་མཚམས་སྲ་བརྟན། མཐའ་མཚམས་དར་རྒྱས”བཅས་ཀྱི་ལས་དོན་སྙན་སྒྲོན་དེའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུར་དམིགས་ནས། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱེད་པ་དང་། “མཐའ་མཚམས་བདེ་འཇགས་དང་། མཐའ་མཚམས་སྲ་བརྟན། མཐའ་མཚམས་དར་རྒྱས”བཅས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ། སྤྱི་ཡོངས་གཅིག་འདོམས་དང་། གཙོ་གནད་མངོན་གསལ་དོད་པ། གནས་ཚུལ་ངོ་སྤྲོད། དུས་བབ་དབྱེ་ཞིབ། སྲིད་ཇུས་གསལ་འགྲེལ། བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པ། མ་འོངས་སྔོན་མཐོང་གིས་བསམ་གཞིག་བཅས་བྱས་པས། ཚང་མས་སློབ་སྦྱོང་དང་། བསམ་གཞིག ཤེས་རྟོགས། ལག་བསྟར་བཅས་བྱེད་པའི་ཁྲོད་བསམ་བློའི་ངོས་འཛིན་གཅིག་གྱུར་བྱུང་བ། དུས་རབས་ཀྱི་གོ་སྐབས་གསལ་དུ་ཕྱིན་པ། མཐའ་མཚམས་བདེ་འཇགས་དང་། མཐའ་མཚམས་སྲ་བརྟན། མཐའ་མཚམས་དར་རྒྱས་བཅས་ལ་དམིགས་ནས་ཇུས་འདོན་ཤུགས་འདོན་གྱི་འགན་འཁྲི་ཁུར་སེམས་དང་། ལས་འགན་སྒྲུབ་སེམས། གཟི་བརྗིད་ཚོར་སེམས་བཅས་ཆེ་རུ་ཕྱིན་ཡོད། སྙན་སྒྲོན་དེ་ནི་ཚོགས་ཞུགས་རྒྱུན་ཨུ་དང་ཟུར་ཞུགས་བློ་མཐུན་ཚོས་འགོ་འཛུགས་ས་མཐོ་པོའི་སྒོ་ནས་གྲོས་འགོ་འདོན་རྒྱུ་དང་། གཏིང་ཟབ་པའི་སྒྲུབ་བྱེད་འགོད་པ། གནད་སྨིན་ཐབས་ཇུས་འདོན་པ་བཅས་ལ་བློ་སྒོ་འབྱེད་རྒྱུར་ཕན་འབྲས་ཆེན་པོ་ཐོན་ཡོད་ཅེས་མཛུབ་སྟོན་གནང་བ་རེད།

    ཕྱི་དྲོ་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ་དང་། ཚོགས་ཞུགས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཨུ་ཡོན་ཚོས“མཐའ་མཚམས་བདེ་འཇགས་དང་། མཐའ་མཚམས་སྲ་བརྟན། མཐའ་མཚམས་དར་རྒྱས”བཅས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་དང་། རང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་དོན་ཆེན་གསུམ་ལ་དམིགས་པ། འགལ་ཟླ་གཙོ་བོ་དང་དམིགས་བསལ་གྱི་འགལ་ཟླ་ཁོང་དུ་བརྟན་པོར་ཆུད་པ་བཅས་བྱས་ནས། ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས། མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན། མཐའ་དར་དམངས་ཕྱུག ཐོན་ལས་འཕེལ་རྒྱས། གནད་སྨིན་དབུལ་སྒྲོལ། སྤྱི་ཚོགས་བརྟན་ལྷིང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད། མི་རིགས་མཐུན་སྒྲིལ། སྣོད་བཅུད་བཟང་བ་སོགས་ལས་བྱེད་མང་ཚོགས་ཚོས་ཡོངས་ཁྱབ་ངང་དོ་ཁུར་དང་སེམས་ཁུར་ཆེན་པོ་བྱེད་པའི་གནད་དོན་སྐོར་ལ་གནས་ཚུལ་སྤེལ་རེས་དང་བསམ་ཚུལ་བརྗེ་རེས་བྱས་ནས་ཐབས་དང་ཇུས་ཧུར་ཐག་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།