[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

    སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་སོགས་ལ་གྲོས་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-15

    ཚེས་10ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོཌ་འདུ་གཙོ་སྐྱོང་གནང་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ལོ་འཁོར་གྱི་གདེང་འཇོག “ལོ་ལྔ་ཚན་བཅུ་གསུམ་པའི”རྣམ་གྲངས་འཆར་འགོད་ཀྱི་དུས་འབྲིང་ལེཌ་སྒྲིག་གྲོས་འགོའི་ཇུས་གཞི་སོགས་ལ་གྲོས་ཞིབ་གནང་བ་རེད། 

    ཚོགས་འདུའི་ཐོག《སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》གི་སྙན་སེང་ཉན་པ་རེད། ཚོགས་འདུའི་ཐོག་བསྟན་དོན། ལྗོངས་ཏང་ཨུད་ཀྱིས་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་ཚད་མཐོའི་མཐོང་ཆེན་བྱས་ནས“སྒོ་དབྱེ་ལྔ”དང་། “རྒྱབ་སྐྱོར་དྲུག”“འདུ་འགོད་བརྒྱད”སོགས་སྲིད་ཇུས་བྱེད་ཐབས་བཏོན་ཡོད། འདི་ལོ་ནས་བཟུང་དམངས་ཁྲོད་ཀྱི་མ་འཇོག་བྱེད་ཚད་དུས་མཚུངས་ལས་65.6%འཕར་ནས་ཟླ་གསུམ་པའི་ཟླ་མཇུག་བར་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི་22.61ཟིན་པས། རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། བསམ་བློ་གཅིག་གྱུར་དང་། ངོས་འཛིན་མཐོར་གཏོང་། རང་འགན་གཙང་སྒྲུབ། རྣམ་འགྱུར་ཡག་པོ། བྱེད་ཐབས་ནུས་ལྡན་བཅས་ཀྱི་ཐོག་ནས་འཕེལ་རྒྱས་ཀྱི་ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་གཉེར་རྒྱུའི་གྲ་སྒྲིག་ལས་དོན་སོགས་གོ་སྐབས་སུ་བྱེད་པ་དང་། “གདན་དྲངས་བ”དང“ཕྱིར་སྐྱོད་པའི”ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་མ་དངུལ་དེ་བས་མང་བ་བོད་དུ་མ་འཇོག་དང་བྱ་གཞག་གཏོད་རྒྱུའི་ཡིད་དབང་འགུགས་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། 

    རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལོ་འཁོར་གྱི་གདེང་འཇོག་ལས་ཀའི་བླང་བྱར་གཞིགས་པ་དང་། 《རང་སྐྱོང་ལྗོངས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དམིགས་ཚད་གདེང་འཇོག་དང་དཔྱད་ཞིབ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》གཞིར་བཟུང་། རང་ལྗོངས་ཀྱིས་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་2016ལོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལོ་འཁོར་གྱི་གདེང་འཇོག་ལས་དོན་ལེགས་གྲུབ་བྱུང་བ་དང་གདེང་འཇོག་འབྲས་བུ་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱ་རྒྱུ་རེད། ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་ཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་འཛུགས་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ལས་སྒོའི་སློབ་སྦྱོང་ལ་ཤུགས་སྣོན། ལས་ཀའི་ཞན་ཆ་རང་བཤེར། ལས་དོན་དོན་འཁྱོལ་ལ་ལྡོག་སྐུལ་བཅས་བྱས་ཏེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་རྒྱལ་ཁ་ལེན་ཐུབ་པ་བྱས་ནས། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་སྣོད་བཅུད་ཁོར་ཡུག་བཟང་པོའི་དགོས་མཁོ་སྐོང་བ་དང་འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་བྱེད་དགོས། 

    ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་ལ་ཞིབ་འཇུག་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།