[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཙེང་དབན་མིང་གིས་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་དང་རྒྱལ་ཁྲལ་ཅུས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་དུ་བསྐྲུན་པའི་ལས་དོན་ལ་གཟིགས་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-16

    ཟླ་4ཚེས་12ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་གིས་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་དང་རྒྱལ་ཁྲལ་ཅུས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་དུ་སྐྲུན་རྒྱུའི་ལས་དོན་ལ་གཟིགས་ཞིབ་གནང་སྐབས་གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་དུ་བསྐྲུན་རྒྱུ་དེ་དམ་འཛིན་བྱ་གཞིར་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་སྒྲིག་འཛུགས་ནུས་པ་ཆེ་རུ་བཏང་ནས་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་། རྩ་འཛུགས་ཀྱི་ལེགས་ཆ། མང་ཚོགས་ལས་དོན་གྱི་ལེགས་ཆ་བཅས་ལས་དོན་ཁག་ཡག་པོ་བསྒྲུབ་པའི་ཕན་འབྲས་དངོས་སུ་སྒྱུར་དགོས་ཞེས་ནན་བཤད་གནང་བ་རེད།

    ཙེང་དབན་མིང་གིས་གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་བསྐྲུན་རྒྱུའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་དེ་བོད་ཀྱི་ངོས་ནས་བརྗོད་ན་དམིགས་བསལ་གྱི་དོན་སྙིང་ལྡན་པ་ཞིག་རེད། 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་དུ་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལག་བསྟར་ནན་ཏན་བྱས་ཏེ་རྩ་འཛུགས་མ་ལག་དང་། འགོ་ཁྲིད་ཚན་ཁག ཏང་ཡོན་དཔུང་ཁག རྩ་འཛུགས་འཚོ་བ། ལས་ཀའི་གཞི་རྟེན། འཁོར་སྐྱོད་ལམ་སྲོལ། བྱེད་སྒོ་སྤེལ་ཡུལ། གཞི་རྩའི་འགན་ལེན་བཅས་ཕྱོགས་8ཀྱི་ཐད་ནས་ཚད་ལྡན་ཅན་དུ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཚན་པ་ཁག་གི་ཏང་ཙུའུ(ཏང་ཨུད)ཡིས་བྱེད་པོའི་འགན་འཁྲི་ནན་ཏན་ངང་བསྒྲུབས་ཏེ་གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་དུ་བསྐྲུན་རྒྱུ་དེ་གལ་ཆེའི་གནས་བབ་ཐོག་བཞག་ནས་དམ་འཛིན་དང་། ལས་ཀ་ཇུས་འགོད་དང་སྙོམས་སྒྲིག་ལ་ཤུགས་སྣོན། ལས་དོན་ལ་མཛུབ་ཁྲིད་དང་སྐུལ་འདེད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་དུ་བསྐྲུན་རྒྱུ་དེ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་དང་མིག་དཔེ་འདོན་དགོས་པ། གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་དུ་བསྐྲུན་རྒྱུ་དེ་རིམ་ཁག་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་སྒྲུབ་དཔྱད་མོལ་དཔྱད་ཞིབ་དང་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་དཔྱད་ཞིབ་བྱེད་པའི་ནང་དོན་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱས་ཏེ་ལས་ཀའི་འགན་འཁྲི་རིམ་གྱིས་དོན་འཁྱོལ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།