[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • སྤེན་པ་བཀྲ་ཤིས་ཀྱིས་བོད་ལྗོངས་མཛེས་རྩལ་ཁང་གི་རྣམ་གྲངས་འཛུགས་སྐྲུན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-16

     ཚེས་12ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་སུ་ཕེབས་ནས་བརྟག་ཞིབ་གནང་ཞིང་། བོད་ལྗོངས་མཛེས་རྩལ་ཁང་གི་རྣམ་གྲངས་འཛུགས་སྐྲུན་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་དང་འབྲེལ་རིགས་གཅིག་མཁས་པའི་བསམ་འཆར་དང་གྲོས་འགོའང་གསན་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས་ཟླ་བ་བརྟག་ཞིབ་ལ་མཉམ་དུ་ཕེབས་པ་རེད།

    སྤེན་པ་བཀྲ་ཤིས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ལྗོངས་མཛེས་རྩལ་ཁང་གྲབས་འཛུགས་ཀྱི་ལས་དོན་ལ་མཐོང་ཆེན་བྱེད་ཀྱི་ཡོད། བོད་ལྗོངས་མཛེས་རྩལ་ཁང་གྲབས་འཛུགས་ཀྱི་ལས་དོན་ལ་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཆེད་མངགས་བརྟག་ཞིབ་གནང་བ་དང་འབྲེལ་བླང་བྱ་ཁ་གསལ་བཏོན་གནང་ཡོད། བོད་ལྗོངས་མཛེས་རྩལ་ཁང་གྲབས་འཛུགས་ཀྱི་ལས་དོན་ནི་རང་ལྗོངས་ཀྱི་རིག་རྩལ་ལྷན་ཚོགས་འཐབ་ཕྱོགས་ཀྱི་དོན་ཆེན་དང་བཀྲ་ཤིས་པའི་བྱ་བ་ཞིག་ཡིན་པས་རང་ལྗོངས་ཀྱི་མཛེས་རྩལ་གྱི་བྱ་གཞག་འཕེལ་རྒྱས་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ངེས་རེད། རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་ཀྱིས་བོད་ལྗོངས་མཛེས་རྩལ་ཁང་གི་གྲབས་འཛུགས་ལས་དོན་ཐད་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གནང་བའི་མཛུབ་སྟོན་གལ་ཆེན་ལག་བསྟར་ནན་ཏན་བྱེད་པ་དང་། ཚད་མཐོའི་མཐོང་ཆེན། བསམ་བློ་གཅིག་གྱུར། ངོས་འཛིན་མཐོར་གཏོང་བཅས་ཀྱི་ཐོག་ནས་བོད་ལྗོངས་མཛེས་རྩལ་ཁང་གི་གྲབས་འཛུགས་ལས་དོན་དེ་མིག་སྔའི་རིག་རྩལ་ལྷན་ཚོགས་ལས་དོན་གྱི་ལས་འགན་གལ་ཆེན་དུ་བརྩི་བ་དང་། རིག་རྩལ་ལྷན་ཚོགས་ཁོངས་གཏོགས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། གྲབས་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་དང་ལས་དོན་གྱི་ཆེད་ཚན་སྟོབས་དང་ལྡན་པ་དམ་འཛིན་བྱས་ཏེ་འཛུགས་པ། དུས་འགོའི་ལས་དོན་ཁག་མགྱོགས་མྱུར་སྤེལ་ཐུབ་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    སྤེན་པ་བཀྲ་ཤིས་ཀྱིས་མཛེས་རྩལ་ཁང་གི་གྲབས་འཛུགས་ལས་དོན་ནི་མ་ལག་ལས་གྲྭ་ཧ་ཅང་ཆེན་པོ་ཞིག་ཡིན་པས་དཀའ་ངལ་ཆེ་བ་དང་། བླང་བྱ་མཐོ་བ། དུས་ཚོད་ཛ་དྲག་པ། ལས་འགན་ལྕི་བ་བཅས་ཡོད། དེར་བརྟེན་སྒྲིག་འཛུགས་ཚགས་ཚུད་དང་རྣམ་གྲངས་སྐུལ་སྤེལ་གྱི་ལས་དོན་ཁག་ལ་སྤྱི་འདོམས་བསམ་གཞིག་བྱེད་དགོས། བར་མཐོངས་བཀོད་སྒྲིག་ལུགས་མཐུན་དང་། བྱེད་ལས་ཇུས་འགོད་ཚན་རིག་དང་མཐུན་པ། སྒྱུ་རྩལ་གྱི་རྣམ་པ་རྩེར་སོན་བཅས་ཀྱི་བླང་བྱར་གཞིགས་ནས་བོད་ལྗོངས་མཛེས་རྩལ་ཁང་འདི་ཉིད་ཀྲུང་ཧྭའི་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་པའི་བོད་མི་རིགས་ཀྱི་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་ཞིག་དང་། བོད་ལྗོངས་མཛེས་རྩལ་གསར་གཏོད་དང་། འགྲེམས་སྟོན། སྤེལ་རེས་བཅས་ཀྱི་གཞི་རྟེན་གལ་ཆེན་ཞིག སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པ་དང་། འཕེལ་རྒྱས་གསར་པ། འགྱུར་ལྡོག་གསར་པ། གྲུབ་འབྲས་གསར་པ་བཅས་མངོན་པའི་སྐར་ཁུང་གལ་ཆེན་ཞིག་བཅས་སུ་ཧུར་ཐག་སྐྲུན་དགོས། དགོས་ངེས་དང་དགོས་སྲིད་པ་དང་། མིག་སྔ་དང་ཡུན་རིང་། ད་ལྟའི་གནས་ཚུལ་དང་དགོས་མཁོ་བཅས་བསམ་གཞིག་གང་ལེགས་བྱས་ནས་བར་མཐོངས་དང་། ནུས་པ། སྒྱུ་རྩལ་སོགས་ལྡན་པའི་འཆར་འགོད་བྱ་རྒྱུར་དམ་འཛིན་བྱས་ཏེ་རྣམ་གྲངས་འཆར་འགོད་ཀྱི་ཇུས་གཞི་གང་མགྱོགས་བཟོ་དགོས། སྐུལ་འདེད་བྱེད་མགྱོགས་སུ་དང་། ས་གནས་ས་ཐོག་ཏུ་རྩད་དཔྱོད་བྱ་རྒྱུར་དམ་འཛིན་བྱེད་པ། དམར་ཐིག་གི་དབྱེ་མཚམས་འབྱེད་པ། འཆར་འགོད་དང་འོས་སྐུལ་འོས་དཔོད་སོགས་ཀྱི་ལས་དོན་དམ་འཛིན་ངང་སྤེལ་ནས་རྣམ་གྲངས་གྲབས་འཛུགས་ཀྱི་ལག་བསྟར་ཇུས་གཞི་མགྱོགས་མྱུར་བཟོ་ཐུབ་པ་བྱས་ཏེ་དུས་ཚོད་རེའུ་མིག་དང་། ལས་འགན་གྱི་རེའུ་མིག འགན་འཁྲི་ཁག་དབྱེ་བཅས་ཁ་གསལ་བཟོས་ནས་གྲབས་འཛུགས་ཀྱི་ལས་དོན་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་གྱིས་རྣམ་གྲངས་སྔ་ཙམ་བསྐྲུན་རྒྱུའི་བརྩོན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།