[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཆེ་དགྲ་ལྷས་སྣོད་བཅུད་ཡུལ་སྐོར་རིག་གནས་ཐོན་ལས་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-02

    ཚེས་30ཉིན་གྱི་སྔ་དྲོ་ཁ་བ་འབབ་པར་མ་འཛེམས་པར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་སྟོད་ལུང་བདེ་ཆེན་ཆུས“ཞང་ཞུང་མེ་ཏོག”སྣོད་བཅུད་ཡུལ་སྐོར་རིག་གནས་ཐོན་ལས་གླིང་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་དག་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་། བྱེད་ཐབས། བྱ་སྤྱོད་བཅས་ཞིབ་ཕྲར་ཏན་ཏིག་སྒྱུར་བ་དང་། སྣོད་བཅུད་ཡུལ་སྐོར་རིག་གནས་ཐོན་ལས་གླིང་བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། ལས་དོན་ཁག་ཏན་ཏིག་ཞིབ་ཚགས་སྤེལ་བ་བཅས་བྱས་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་བྱ་གཞག་ཆེན་པོ་འདི་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    སྟོད་ལུང་གཙང་པོའི་ལུང་ཤུར་དུ་གནས་པའི“ཞང་ཞུང་མེ་ཏོག”སྣོད་བཅུད་ཡུལ་སྐོར་ཐོན་ལས་གླིང་གིས“ཞང་ཞུང་གི་རིག་གནས”དང་། “སྤུས་རྟག་སྨན་སྣ”“མུའུ་ཁྲིའི་མེ་ཏོག”བཅས་ཀྱི་བརྗོད་དོན་ཆེན་པོ་གསུམ་ལ་དམིགས་ཏེ། བོད་ཀྱི་སྣོད་བཅུད་ཡུལ་སྐོར་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་དང་གཏོད་མུས་རེད། མེ་ཏོག་གླིང་དུ་ས་གནས་དེ་གའི་མང་ཚོགས་བཅུ་གྲངས་ཤིག་གིས་སྦྱག་མ་འཁྱེར་ཏེ་རྒྱ་སེ་སེར་པོ་ཞིབ་ཚགས་ངང་འདེབས་བཞིན་ཡོད། མང་ཚོགས་ཚོས་ང་ཚོ་ཚང་མ་ཉེ་འགྲམ་གྱི་གྲོང་ཚོ་ནས་ཡིན། འདི་ལྟ་བུའི་འདེབས་འཛུགས་བྱས་པ་ལས་ང་ཚོ་མི་རེར་ཉིན་རེར་ཡོང་འབབ་སྒོར་120ཡོང་གི་འདུག་ཅེས་ངོ་སྤྲོད་ཞུས། ཆེ་དགྲ་ལྷས་མང་ཚོགས་ཚོར་མུ་མཐུད་ལས་ཀ་ཧུར་ཐག་བྱས་ཏེ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་དགོས་ཞེས་ལྕག་སྐུལ་གནང་བ་རེད།

    ཁོང་གིས་ལྷན་སྐྱོད་མི་སྣ་ཚོར་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱས་ཏེ་མང་ཚོགས་རྣམས་ཐག་ཉེ་ས་དང་སྟབས་བདེ་སར་ཐོན་ལས་འཕེལ་རྒྱས་ལ་ཞུགས་ཐུབ་པ་བྱས་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་དགོས་ཞེས་བཀའ་མངགས་ཡང་ཡང་གནང་བ་རེད།

    ཞང་ཞུང་མེ་ཏོག་གི་ཡུལ་གཞན་དུ་གནས་སྤོ་དབུལ་སྐྱོར་བྱ་ཡུལ་དུ་བོད་བཟོའི་རྣམ་པ་ཟབ་མོས་ཕྱུག་པའི་གྲོང་མིའི་སྡོད་ཁང་རིམ་པ་སྟར་ཆགས་སུ་གནས་ཡོད། ཆེ་དགྲ་ལྷ་གྲོང་མིའི་སྡོད་ཁང་དུ་ཕེབས་ཏེ་གཞི་རིམ་ལས་བྱེད་པ་དང་འཕེལ་རྒྱས་ཀྱི་བསམ་ཕྱོགས་སྐོར་སྤེལ་རེས་དང་གྲོས་བསྡུར་གནང་ཞིང་། ཁོང་གིས་གླིང་དེའི་ཐོན་ཁུངས་གང་ལེགས་སྤྱད་དེ་ཞིབ་ཆར་བརྩོན་ནས་ཟ་འདུག་སྐྱོད་སྐྱིད་བཞི་དང་དེ་བཞིན་དྲ་རྒྱ་ཡོངས་ཁྱབ་སོགས་རྨང་གཞིའི་རང་བཞིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་། ཡུལ་སྐོར་རིག་གནས་ཀྱི་ཐོན་རྫས་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ། སེམས་ནུས་ཡོད་རྒུས་ཁོར་ཡུག་དེ་བས་མཛེས་སུ་གཏོང་བ། གྲོང་གསེབ་ཀྱི་ཁྱད་ཆོས་དེ་བས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། གླིང་དེའི་ཉམས་སྣང་མངོན་པར་བྱེད་པ། སྤུས་རྟགས་གཏོད་པ། ཞིང་པའི་ས་ཁང་རྒྱུ་ནོར་དང་ཁེ་ཕོགས་སུ་འགྱུར་བར་བྱེད་པ་བཅས་ཀྱིས་མང་ཚོགས་ལ་འབེལ་འབེལ་ལྷུག་ལྷུག་གི་བདེ་སྐྱིད་འཚོ་བ་སྐྱེལ་རྒྱུ་ཡོང་བར་བྱེད་དགོས་ཞེས་བསྟན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།