[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཙེང་དབན་མིང་རང་སྐྱོང་ལྗོངས་ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་ཆེད་དོན་ཚོགས་ཆུང་གི་2018ལོའི་ཚོགས་འདུ་ཐེངས་དང་པོར་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-10

     ཚེས་8ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་གིས་རང་སྐྱོང་ལྗོངས་ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་ཆེད་དོན་ཚོགས་ཆུང་གི་2018ལོའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ལམ་ལུགས་ཀྱི་བཙན་ཞིང་ནན་པའི་ཚོད་འཛིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རང་ངོས་གསར་བསྒྱུར་གྱི་བློ་སྟོབས་ཐོག་ནས་ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཙེང་དབན་མིང་གིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་རྩ་བར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཏང་གི་རྩ་འཛུགས་ཀྱི་ལམ་ལུགས་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་བཏང་སྟེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་གཞི་རྩའི་ཆབ་སྲིད་ཀྱི་བླང་བྱར་བརྩི་དགོས། ལས་བྱེད་པའི་མི་དོན་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ལས་བྱེད་པའི་དཔྱད་ཞིབ་གདེང་འཇོག་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ནོར་འཁྲུལ་ཡོ་བསྲང་གི་ལམ་སྲོལ་དང་དྲང་ཕྱོགས་སྐུལ་ལྕག་གི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་རྩ་འཛུགས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ་དང་། ཆབ་སྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་ཡོང་བ་བྱས་ནས“རྣམ་པ་ལྔའི”གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ཤུགས་ཆེན་བྱེད་དགོས། ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། ཆབ་སྲིད་ཀྱི་སྣེ་ཁྲིད་དང་ཆབ་སྲིད་ཀྱི་ཡིད་དབང་འགུག་ཤུགས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་གནམ་འོག་གི་ཤེས་ལྡན་མི་སྣ་བསྡུ་རུབ་དང་བེད་སྤྱོད་བྱེད་དགོས། སྲིད་འཛིན་དོ་དམ་གྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཏང་སྲིད་ཀྱི་འགན་འཁྲིའི་འབྲེལ་བ་དང་སྲིད་གཞུང་རིམ་པའི་དབར་དང་། སྡེ་ཚན་དབར་གྱི་འགན་འཁྲིའི་འབྲེལ་བ་སྔར་བས་གསལ་རྟོགས་ཐུབ་པ་བྱེད་དགོས། མང་ཚོགས་ཚོགས་པའི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་མང་ཚོགས་ཚོགས་པའི་རྩ་འཛུགས་ལ་མི་སྣ་མི་འདང་བ་དང་། ལས་གནས་མི་འདང་བ། གྲོན་དངུལ་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།