[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཧོ་ཝུན་ཧའོ་ཡིས་ལྗོངས་བརྟན་ལྷིང་སྲུང་སྐྱོང་གི་བརྙན་ལམ་བཀོད་གཏོང་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-15

    ཚེས་13ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་གི་བརྙན་ལམ་བཀོད་གཏོང་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་ནས་གྲོང་ཁྱེར་དང་ས་ཁུལ་7གྱི་ཉེ་དུས་སྲིད་ཁྲིམས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གནས་ཚུལ་སྙན་ཞུ་གསན་པ་དང་འབྲེལ། མིག་སྔའི་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའི་ཧྲུའུ་ཅི་ཡོན་ཀྲང་བསོད་དར་ཚོགས་འདུར་ཞུགས་པ་རེད།

    ཧོ་ཝུན་ཧའོ་ཡིས་གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་འཕྲད་པའི་ལས་འགན་གསར་པ་དང་བླང་བྱ་གསར་པར་གོ་བ་གཏིང་ཟབ་ལེན་པ་དང་། བསམ་བློ་གཅིག་གྱུར་དང་ངོས་འཛིན་གཅིག་མཐུན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་གི་ལས་ཀའི་ཉམས་མྱོང་ལ་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་བརྟན་དུ་གཏོང་བ། སྟོང་ཆ་སྐོང་བ་དང་། ཞན་ཆ་གསབ་པ། ལམ་སྲོལ་ལེགས་སུ་གཏོང་བ། ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་དེ་བས་ཆ་ཚང་བ་དང་། ཚན་རིག་དང་མཐུན་པ། ཁྲིམས་སྐྱོང་། རང་འགུལ་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་དགོས་པ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། སྤྱི་ཡོངས་ལ་གཞི་ཚུགས་པ་བཅས་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་གཏིང་ཟབ་བྱས་ནས་སྔོན་དཔག་དང་། ཉེན་ཟོན་སྔོན་བརྡ། སྔོན་འགོག་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པ། འགལ་ཟླ་དང་རྩོད་གཞིའི་གནད་དོན་འདུམ་སྒྲིག་དང་སེལ་བ་དང་། ཆོས་ལུགས་བྱེད་སྒོར་ཁྲིམས་ལྟར་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་དང་། སྣ་མང་ཐག་གཅོད་། རང་འགུལ་བཅོས་སྐྱོང་བཅས་ཀྱི་ཐད་གཞོལ་ནས་དམངས་ཡོངས་མཉམ་འཛུགས་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་ཧུར་ཐག་སྐྲུན་དགོས་པ། ཉེན་ཁའི་འདུ་ཤེས་དང་འགོག་ཟོན་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། ལྷོད་གཡེང་གི་བསམ་བློ་ཁྱད་བསད་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེ་དམ་པོར་བཟུང་ནས་ནུས་ཤུགས་ཡོད་རྒུས་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་སྐྲུན་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།