[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཙེང་དབན་མིང་གིས་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོཌ་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-15

    ཟླ་11ཚེས་13ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་གིས་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་རུ་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་སྐབས་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི་ངོ་བོ་ཁོང་དུ་བརྟན་པོར་ཆུད་པ་བྱས་ནས་རྩ་འཛུགས་སྒྲིག་ཁོངས་སྡེ་ཚན་གྱི་འགན་ནུས་དང་ཟུང་འབྲེལ་གྱིས་བྱས་པའི་རྗེས་དང་དྲུད་པའི་ཤུལ་གྱི་ངར་ཤུགས་ལ་བརྟེན་ནས་ཚོགས་འདུའི་ཐོག་བཀོད་སྒྲིག་བྱས་པའི་ལས་འགན་ཁག་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ཏེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་དང་རྩ་འཛུགས་སྒྲིག་ཁོངས་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཙེང་དབན་མིང་གིས་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། ཏན་ཏིག་དོན་འཁྱོལ་བཅས་ཀྱི་ཐད་བྱེད་ཐབས་དངོས་འདོན་པ་དང་། པུའུ་ལས་དོན་ཚོགས་འདུའི་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་སློབ་སྦྱོང་དང་བསམ་བློ་གཏོང་བ་དང་ཚོགས་འདུའི་དགོངས་དོན་ཇི་མ་ཇི་བཞིན་སློབ་སྦྱོང་ཡག་པོ་བྱེད་དགོས་པ་དང་། ལས་འགན་ཞིབ་ཕྲ་བཟོས་ནས“ལུགས་མཐུན་དང་། མངོན་འགྱུར་ཐུབ་པ། རྒྱུན་མཐུད་ཐུབ་པ། གདེང་འཇོག་ཐུབ་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་ཏང་འཛུགས་སྐྱོང་དང་རྩ་འཛུགས་སྒྲིག་ཁོངས་ཀྱི་ལས་དོན་སྐོར་གྱི་ལས་འགན་ལ་སྐུལ་འདེད་གཏོང་བ་དང་དོན་འཁྱོལ་གྱི་བྱེད་ཐབས་བཟོ་དགོས། རྩ་འཛུགས་སྒྲིག་ཁོངས་ལས་དོན་གྱི་སྤུས་ཚད་ལེགས་སུ་ཤུགས་ཆེན་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་དང་། ལས་བྱེད་པའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་གསུམ”གྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ། ཤེས་ལྡན་མི་སྣའི་སྒྲིག་གཞི་ལམ་སྲོལ་སྒྱུར་བཅོས་སོགས་ཀྱི་གཙོ་གནད་ལས་དོན་གཏིང་ཟབ་སྤེལ་བ་བཅས་བྱས་ནས་ལས་དོན་རེ་རེ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།