[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཆེ་དགྲ་ལྷས་དྲག་ཆས་ཉེན་རྟོག་ནགས་ཚལ་བཀོད་འདོམས་པུའི་འགོ་ཁྲིད་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-14

    ཚེས་11ཉིན་གྱི་ཕྱི་དྲོ་ལྷ་སར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་དྲག་ཆས་ཉེན་རྟོག་ནགས་ཚལ་བཀོད་འདོམས་པུའི་སི་ལིང་ཡོན་ཞུས་ཕིང་བཅས་པ་དང་བཞུགས་མོལ་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཆི་མེད་རིག་འཛིན་བཞུགས་མོལ་ནང་ཞུགས་པ་རེད།

    ཆེ་དགྲ་ལྷས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་དྲག་ཆས་ཉེན་རྟོག་ནགས་ཚལ་བཀོད་འདོམས་པུས་དུས་ཡུན་རིང་པོའི་ནང་བོད་ཀྱི་བྱ་གཞག་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    ཆེ་དགྲ་ལྷས་དུས་ཡུན་རིང་པོའི་ནང་དྲག་ཆས་ཉེན་རྟོག་བོད་ལྗོངས་ནགས་ཚལ་དཔུང་སྡེས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་རྒྱལ་ཁབ་བདེ་འཇགས་སྲུང་ཡོལ་དང་རྒྱལ་ཁབ་ཀྱི་གལ་ཆེའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་བྱ་རྒྱུ་དེ་ལྟེ་བའི་ལས་འགན་དུ་བརྩིས་ནས་དཀའ་སྡུག་ལ་མི་སྐྲག་པ་དང་། བློས་གཏོང་ལ་མི་སྐྲག་པ། སྙིང་རུས་ཆེན་པོས་བརྩོན་ལེན་བྱེད་པ། ལས་དོན་ཏག་ཏིག་སྒྲུབ་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་ནགས་ཚལ་མེ་ཟོན་མེ་གསོད་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་། བརྟན་ལྷིང་སྲུང་སྐྱོང་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད། མྱུར་སྐྱོབ་རོགས་སྐྱོབ་སོགས་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཅའ་སྡོད་དཔུང་སྡེ་དང་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་དྲག་ཆས་ཉེན་རྟོག་ནགས་ཚལ་དཔུང་སྡེ་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པས་རེ་བར་དྲག་ཆས་ཉེན་རྟོག་བོད་ལྗོངས་ནགས་ཚལ་དཔུང་སྡེས“དམག་དཔུང་དང་ས་གནས་དབར་མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ་དང་། སྔར་རྒྱུན་བཞིན་འགན་འཁྲི་ཁག་ཡག་པོ་སྒྲུབ་པ། སྔར་ཡོད་ཀྱི་ལས་ཀའི་རྨང་གཞིའི་ཐོག་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐུན་མོང་ཐོག་འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་དང་མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་བསྐྲུན་དགོས་ཞེས་གསུངས་པ་རེད།

    ཞུས་ཕིང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་བཟུང་དྲག་ཆས་ཉེན་རྟོག་བོད་ལྗོངས་ནགས་ཚལ་དཔུང་སྡེའི་ལས་དོན་ཁག་ལ་ཚད་མཐོའི་ཐུགས་ཁུར་དང་མཐོང་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་དྲག་ཆས་ཉེན་རྟོག་ནགས་ཚལ་དཔུང་སྡེས་ས་གནས་ཏང་ཨུད་དང་སྲིད་གཞུང་དང་གཞོགས་འདེགས་དམ་ཟབ་ཀྱིས་བོད་ཀྱི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་ལ་སྔར་བས་དམིགས་པ་དང་། དཔུང་སྡེའི་དམག་འཐབ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། འགོག་ཟོན་ལས་དོན་ཡག་པོ་སྒྲུབ་པ། ཏང་དང་མི་དམངས་ཀྱིས་དཀྲིས་པའི་བླ་ན་མེད་པའི་ལས་འགན་ཕྲག་ཐོག་ཏུ་འཁུར་བ་བཅས་བྱས་ཏེ་འཕེལ་རྒྱས་བརྟན་ལྷིང་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།