[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • བོད་​རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བཞི་པ་འཚོགས་པ།

    འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-11

    ཚེས་9ཉིན་གྱི་སྔ་དྲོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ལྷན་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བཞི་པ་གཙོ་སྐྱོང་གནང་བ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་གདན་ཞུ་བྱས་ནས་བོད་ཀྱི་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གནས་ཚུལ་གྱི་སྙན་ཞུ་གསན་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བཅས་ཡིན་པའི་བསྟན་ཁོ་ཚོགས་འདུར་ཕེབས་ཡོད་པ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་དང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། བློ་བཟང་འགྱུར་མེད། ཅིན་ཧྲི་ཞུན། བསོད་ནམས་རིག་འཛིན། ངག་དབང་། མཚམས་ཆུང་། ང་ཕོད་འཇིགས་ཡོན། ཚེ་དབང་སྟོབས་རྒྱལ། དྲུང་ཆེ་ལེ་ཀུའེ་ལུང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག་ད་ཐེངས་ཚོགས་འདུའི་གྲོས་རིམ་ལ་གྲོས་ཞིབ་གནང་བ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་གྱིས་གནང་བའི་བོད་ཀྱི་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གནས་ཚུལ་སྐོར་གྱི་སྙན་ཞུ་གསན་པ་རེད།

    འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“ཞིང་གསུམ”ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས“ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས”ཀྱི་རྩེ་རིམ་ཇུས་འགོད་གནང་ཡོད། ཧྲུའུ་ཅི་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་ལྗོངས་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ལྗོངས་བབ་དང་མཐུན་པའི“རང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་མགྱོགས་མྱུར་སྐྱེད་སྲིང་བྱས་ནས་2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུའི”སྤྱིའི་བླང་བྱ་དང་། དམིགས་ཚད་ལས་འགན། གཙོ་གནད་ལས་དོན་བཅས་གཏན་འཁེལ་གནང་ཡོད་ཅེས་གསུངས་ཤིང་། ཁོང་གིས་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱི་དངོས་ཡོད་དོན་སྙིང་གལ་ཆེན་སློབ་སྦྱོང་ནན་ཏན་དང་། བསམ་གཞིག་གཏིང་ཟབ་བྱེད་པ། གནད་འཁེལ་ཁོང་དུ་ཆུད་པ་བཅས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི“ཞིང་གསུམ”ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ལྗོངས་ཏང་ཨུད་དང་དང་སྲིད་གཞུང་གི་ཞིབ་ཕྲའི་བསམ་འཆར་ཐོག་གཅིག་གྱུར་ཡོང་བ་བྱེད་པ། སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་ཐོག་གཅིག་གྱུར་ཡོང་བ་བཅས་བྱས་ཏེ་སྲིད་ཞུགས་སྲིད་གླེང་གི་འགན་ནུས་ཏན་ཏིག་སྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད།

    འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་སྲིད་གྲོས་ཀྱི་ཁུངས་ཞུགས་ཚན་པ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ནས་སྲིད་གྲོས་སུ་ཤེས་ལྡན་མི་སྣ་དང་བློ་གྲོས་ཅན་མང་བའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་བོད་ཀྱི་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་འགག་རྩའི་ལྷུ་ཚིགས་དང་མངོན་གསལ་དོད་པའི་ཞན་ཆར་དམ་པོར་དམིགས་ཏེ་རང་ངོས་ཀྱི་བརྟག་ཞིབ་ལག་ལེན་དང་དབྱེ་ཞིབ་དང་གོ་བ་ལེན་རྒྱུ་དང་ཟུང་འབྲེལ་བྱས་ཏེ་གྲོས་བསྡུར་གཏིང་ཟབ་དང་གང་བསམ་ལྷུག་གླེང་གིས་རིན་ཐང་ལྡན་པ་དང་། ལྟ་ཚུལ་ཡོད་པ། བཀོལ་སྤྱོད་ཆོག་པ་བཅས་ཀྱི་བསམ་འཆར་དང་གྲོས་འགོ་བཏོན་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་ལ་དམངས་གཙོའི་ཇུས་ཐག་གཅོད་རྒྱུར་གཞི་འཛིན་ས་མཁོ་འདོན་བྱེད་པ་དང་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།