[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་ཆེད་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་དགོས།

    ཝང་གཡུང་ཅུན་གྱིས་ནན་བཤད་གནང་དོན།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-14

    ཚེས་12ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་གཡུང་ཅུན་2017ལོའི་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་མ་དངུལ་ལྟ་སྐུལ་ཞིབ་བཤེར་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་སྒྲིག་བཤེར་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་བ་དང“འདུ་ཤེས་བཞི”བརྟན་པོ་བཅངས་ཏེ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བ་དང་སྦྲགས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་བརྒྱུད་རིམ་ལྡན་པ་དང་ཕྱོགས་ཡོངས་ནས་སློབ་སྦྱོང་གཏིང་ཟབ་བྱེད་པ། ཀྲུང་དབྱང་སྒྲིག་ཨུད་ཀྱི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་ཧྲུའུ་ཅི་ཝང་ཆི་ཧྲན་གྱི་གསུང་བཤད་ཀྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་ཞིབ་ཕྲ་ཅན་དུ་གྱུར་པར་བྱས་ཏེ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ནན་པོ་བཏང་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཚུལ་མིན་སྤྱོད་ཚུལ་ཡོ་བསྲང་དང་རུལ་སུངས་ཀྱི་གནད་དོན་ལ་ཆད་པ་བཅད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་ཆེད་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཝང་གཡུང་ཅུན་གྱིས་ལས་རིགས་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆེད་དོན་ཞིབ་བཤེར་དང་། དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ། རྣམ་གྲངས་ཀྱི་ཞིབ་མཆན་ལག་བསྟར། མ་དངུལ་དོ་དམ་དང་བེད་སྤྱོད་སོགས་ལ་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ཤེས་རྟོགས་གང་ཐུབ་བྱེད་དགོས། དབུལ་སྐྱོར་མ་དངུལ་རྣམ་གྲངས་ལ་དམ་པོར་དམིགས་ནས་ཆེད་དོན་སྐོར་གཟིགས་དང་སྐོར་ཞིབ་བྱས་ཏེ་གནད་དོན་ཤེས་རྟོགས་གང་ཐུབ་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པའི་གནད་དོན་གྱི་ཁུངས་སྣེ་ཤེས་རྟོགས་བྱས་ཏེ་ཟིལ་གནོན་ནུས་ལྡན་ཞིག་ཆགས་པར་བྱེད་དགོས། རྩིས་བཤེར་ལས་ཁུངས་ཀྱིས་འགག་སྒོ་མདུན་ཕྱོགས་སུ་སྤོས་ནས་དབུལ་སྐྱོར་མ་དངུལ་རྣམ་གྲངས་དོན་འཁྱོལ་གྱི་གནས་ཚུལ་གྱི་ལས་རིམ་ཧྲིལ་པོར་རྗེས་སྙེག་རྩིས་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཡུལ་གཞན་གནས་སྤོས་དབུལ་སྐྱོར་གྱི་ཆེད་དོན་རྩིས་བཤེར་ལ་མངོན་གསལ་དོད་པོས་དམ་འཛིན་བྱེད་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།