[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཀྲུའུ་རེན་ཚོགས་འདུ་ཐེངས་115པ་འཚོགས་པ།

    ​ བློ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-14

    ཚེས་12ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཀྲུའུ་རེན་ཚོགས་འདུ་ཐེངས་115པ་འཚོཌ་པ་རེད། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་ལྔ་པ་དེ་ཟླ་7ཚེས་26ནས་28ཉིན་བར་ལྷ་སར་འཚོག་རྒྱུའི་གཏན་འཁེལ་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཀྲུའུ་རེན་ཚོགས་འདུའི་ཐོག་གྲོས་འགོ་བཏོན་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་ལྔ་པའི་གྲོས་རིམ་ནི། 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས〉སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས(འཆར་ཟིན)》དང་། 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་འགན་ལེན་བཅའ་ཁྲིམས〉སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས(བཟོ་བཅོས་འཆར་ཟིན)》《བོད་རང་སྐྱོང་ལྗོངས་ཀྱི་བོད་ཀྱི་གསོ་བ་རིག་པ་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་སྲོལ་ཡིག(འཆར་ཟིན)》བཅས་ལ་གྲོས་ཞིབ་བྱ་རྒྱུ་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི་བཟའ་བཅའ་ལས་སྣོན་བཟོ་ཁང་ཆུང་གྲས་དང་། ཚོང་པ་ཉི་ཚེ་བ། བཟའ་བཏུང་ཁང་ཆུང་གྲས་བཅས་ལ་དོ་དམ་བྱ་ཐབས(འཆར་ཟིན)》གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་དང་།

    《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི། བོད་རང་སྐྱོང་ལྗོངས་ཀྱི་2017ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱ་ཚུལ་དང་ལོ་སྨད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་སྒྲིག་སྐོར་གྱི་སྙན་ཞུ། བོད་རང་སྐྱོང་ལྗོངས་ཀྱི་2016ལོའི་ནོར་སྲིད་ངེས་རྩིས་དང་2017ལོའི་ལོ་སྟོད་ཀྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱ་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱ་རྒྱུ། བོད་རང་སྐྱོང་ལྗོངས་ཀྱི་2016ལོའི་ནོར་སྲིད་ངེས་རྩིས་ལ་ཞིབ་དཔྱད་དང་ཆོག་མཆན་སྤྲོད་རྒྱུ། བོད་རང་སྐྱོང་ལྗོངས་ཀྱི་2016ལོ་འཁོར་གྱི་རིམ་པ་དེ་གའི་སྔོན་རྩིས་ལག་བསྟར་བྱ་ཚུལ་དང་ནོར་སྲིད་ཀྱི་གཏོང་ཡོང་གཞན་དག་གི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྩིས་བཤེར་ལས་དོན་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། བོད་རང་སྐྱོང་ལྗོངས་ཀྱི་2017ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི་སྐོར་གྱི་སྙན་ཞུར་ཞིབ་དཔྱད་དང་ཆོག་མཆན་སྤྲོད་རྒྱུ། སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་འཛིན་ཚད་ལྡན་ཅན་གྱི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། བསྐོ་འཐེན་གྱི་ཇུས་གཞིར་གྲོས་ཞིབ་བྱ་རྒྱུ་སོགས་རེད།

    ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བརྒྱད་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ནས་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་བོད་ཀྱི་གསོ་བ་རིག་པ་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་ཁྲིམས་ལུགས་ཨུ་ལྷན་གྱི་སྙན་ཞུ་གསན་ནས《སྲོལ་ཡིག(གྲོས་ཞིབ་མ་ཟིན་གཉིས་པ)》གཞི་རྩའི་ཆར་གྲུབ་པའི་ངོས་འཛིན་བྱས་པ་དང་ལྗོངས་ཏང་ཨུད་ལ་སྙན་འབུལ་ཞུས་ནས་ཞིབ་བཤེར་གཏན་འབེབས་བྱས་རྗེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་ལྔ་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ་དང་། 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་བཅའ་ཁྲིམས〉སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས》དང《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆུ་སྲུང་འཛིན་བཅའ་ཁྲིམས〉སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས》ལག་ལེན་བསྟར་ཚུལ་གྱི་སྙན་ཞུར་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་གྲོས་ཞིབ་བསམ་འཆར་ལ་ཞིབ་འཇུག་བྱས་པ་དང་སྦྲགས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་ལ་སྒྲུབ་གཉེར་བྱ་རྒྱུར་དཔར་སྐྱེལ་བྱས་པ་མ་ཟད་སྒྲུབ་གཉེར་ལ་ལྟ་སྐུལ་དང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱ་རྒྱུ། 《ཚོགས་འདུའི་སྤྱོད་ཚུལ་དང་ཚོགས་འདུའི་སྒྲིག་ཁྲིམས་སྔར་བས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་ཞིབ་འཇུག་བྱས་ནས་ཚོགས་འདུའི་ལམ་ལུགས་ནན་དུ་གཏོང་བ་དང་། ཚོགས་རའི་སྒྲིག་ཁྲིམས་དམ་དུ་གཏོང་བ། ཚོགས་འདུའི་དཔྱད་གཞི་ཚད་ལྡན་དུ་གཏོང་བ། ཚོགས་འདུའི་སྤྱོད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་སོགས་ནས་ཚོགས་འདུའི་སྤྱོད་ཚུལ་དང་ཚོགས་འདུའི་སྒྲིག་ཁྲིམས་སྔར་བས་ནན་དུ་གཏོང་རྒྱུ། ས་གནས་མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་དྲ་སྦྲེལ་གྱི་ལྟ་སྐུལ་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བཞུགས་མོལ་ཚོགས་འདུའི་གནས་ཚུལ་སྙན་སེང་གསན་ནས་ལག་བསྟར་ཇུས་གཞི་དང་ལས་ཀའི་འཆར་གཞི་འཆར་འགོད་གཏན་འཁེལ་བྱས་ཏེ་རང་ལྗོངས་ཀྱི་སྔོན་རྩིས་དྲ་སྦྲེལ་གྱི་ལྟ་སྐུལ་ལས་དོན་གྱི་མ་ལག་འཛུགས་སྐྱོང་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུའི་བླང་བྱ་བཏོན་ཡོད། ཆེད་དོན་ལས་དོན་ཨུ་ལྷན་ཁག་གི་ལོ་སྟོད་ཀྱི་ལས་དོན་སྤེལ་ཚུལ་དང་ལོ་སྨད་ཀྱི་ལས་དོན་བཀོད་སྒྲིག་སྐོར་གྱི་སྙན་སེང་གསན་རྗེས་བློ་བཟང་རྒྱལ་མཚན་གྱིས་གཅིག་ནས་ལས་ཀའི་གོ་རིམ་ནན་དུ་གཏོང་བ་དང་ལས་ཀའི་འཕེལ་རིམ་མགྱོགས་སུ་བཏང་སྟེ་ཁྲིམས་གཏན་འཁེལ་བའི་གོ་རིམ་ལྟར་ལས་དོན་སྒྲུབ་དགོས་པ་དང་། གཉིས་ནས་ལས་དོན་དོན་འཁྱོལ་ལ་སྐུལ་མ་གཏོང་བ་དང་། འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ། རྒྱུན་ལས་ཨུ་ལྷན་གྱི“གནད་ཆེ་ས་གཅིག་དང་འཆར་གཞི་གསུམ”ལག་ལེན་ནན་ཏན་བསྟར་བ། ཆད་ལུས་ཞིབ་བཤེར་དང་མི་འདང་བའི་ཆ་གསབ་པ་བཅས་ཀྱི་ཐོག་ནས་ལས་འགན་དང་། བླང་བྱ། དུས་བཀག མི་སྣ་བཅས“དོན་འཁྱོལ་བཞི”ཐུབ་པ་བྱེད་དགོས་པ། གསུམ་ནས་ལས་ཁུངས་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱིས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། ཏང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། འབད་འབུངས་སྟོབས་བརྩོན་གྱི་བསམ་པའི་ཉམས་འགྱུར་མུ་མཐུད་རྒྱུན་འཁྱོངས་བྱེད་པ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་སྤྱོད་ཚུལ་བཟང་པོ་དང་། གསར་འབྱེད་གསར་གཏོད་ཀྱི་སྤྱོད་ཚུལ། དམ་པ་དོན་གཉེར་གྱི་སྤྱོད་ཚུལ། སྤྱོད་གཙང་གཞུང་དྲང་གི་སྤྱོད་ཚུལ་བཅས་དར་སྤེལ་ཤུགས་ཆེན་གཏོང་བ། ལས་ཀའི་རང་རྟོགས་རང་བཞིན་དང་། མ་འོངས་སྔོན་མཐོང་རང་བཞིན། དམིགས་སའི་རང་བཞིན། དངོས་ཕན་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ལོ་འཁོར་གྱི་ལས་འགན་ཁག་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱས་ཏེ་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།