[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་གཉིས་བརྡ་ཁྱབ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-30

    “སྤྱོད་ཚུལ་བཞི”ཡོ་བསྲང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། སྒྲིག་ཁྲིམས་ནན་དུ་གཏོང་བ། དྲན་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱ་ཆེད། ལྔ་པའི་ཚེས་ལྔའི་དུས་ཆེན་མ་ཤར་གོང་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཉེ་ཆར་ཞིབ་བཤེར་ཐག་གཅོད་བྱས་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་གཉིས་བརྡ་ཁྱབ་བཏང་བ་སྟེ།

    གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་ཡཱ་བུ་ཆུང་སོགས་བློ་མཐུན་5ཡིས་གཞུང་འཁོར་སྒེར་སྤྱོད་དང་གཞུང་དངུལ་སྤྱད་དེ་ཡུལ་སྐོར་གྱི་བྱེད་པའི་གནད་དོན་ཡིན་ཞིང་། 2015ལོའི་ཟླ་བ་བཅུ་པར་གྲོ་མོ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སྤེན་གྲུབ་གཞུང་དོན་སྒྲུབ་སྐབས་འབྲོང་པ་རྫོང་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་ཡཱ་བུ་ཆུང་དང་། རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་གཞོན་པ་ཀརྨ་རྡོ་རྗེ། རྫོང་སྲིད་གཞུང་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་བསྟན་པ་རྒྱལ་མཚན་བཅས་ཀྱིས་གཞུང་འཁོར་བཏང་སྟེ་འབྲོང་པ་རྫོང་བར་ཡངས་གྲོང་རྡལ་དང་མངའ་རིས་ས་ཁུལ་དུ་ཡུལ་སྐོར་བྱས་ཤིང་། འབྲོང་པ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་བཅས་ཡིན་པའི་བསྟན་འཛིན་གྱིས་ཉེན་རྟོག་རླངས་འཁོར་བཏང་སྟེ་མཉམ་དུ་བསྐྱོད་པ་མ་ཟད། འགྲོ་སོང་སྒོར་5449.86རྩིས་ཞུའང་བྱས་པ། དེ་དང་དུས་མཚུངས་ཡཱ་བུ་ཆུང་དང་། བསྟན་འཛིན། ཀརྨ་རྡོ་རྗེ། བསྟན་པ་རྒྱལ་མཚན་བཅས་ཀྱིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་ཏེ་རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགོག་རྒོལ་བྱས་པའི་གནད་དོན་ཡོད། ཡཱ་བུ་ཆུང་དང་། བསྟན་འཛིན། ཀརྨ་མ་རྡོ་རྗེ། བསྟན་པ་རྒྱལ་མཚན་བཅས་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་མ་ཟད། ཡུལ་སྐོར་བྱས་པའི་འགྲོ་སོང་ཡང་སོ་སོར་འདོན་དུ་བཅུག་པ་རེད།

    ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་བཅས་ཡིན་པའི་ཏིང་པའོ་ཧྲེང་གིས་སྒྲིག་ཁྲིམས་ལས་འགལ་ནས་ནང་འདྲེན་རླངས་འཁོར་ཉོས་པ་དང་གཞུང་འཁོར་ལ་རྒྱན་སྤྲོས་རྒྱས་པོ་བྱས་པའི་གནད་དོན་ཡིན། 2013ལོའི་ཟླ་བ་དགུ་པར་ཏེང་པའོ་ཧྲེང་གིས་ཚན་པའི་ཁང་གླ་དང་། བོད་སྐྱོར་མ་དངུལ། ཁ་གསབ་རོགས་དངུལ་སོགས་མ་དངུལ་སྒོར་ཁྲི་68.7རང་དགར་སྤྱད་དེ་རྫོང་སྤྱི་བདེ་ཅུས་ལ་ནང་འདྲེན་ཕུང་ཐན་200རྟགས་ཅན་གྱི་བྱེས་བགྲོད་རླངས་འཁོར་ཉོས་པ་མ་ཟད། ད་དུང་རླངས་འཁོར་དེར་རྒྱན་སྤྲོས་ཀྱང་རྒྱས་པོ་བྱས་པ་རེད། ཏིང་པའོ་ཧྲེང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་རེད།

    བརྡ་ཁྱབ་ནང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པར་དུས་ད་ལྟ་བ་ལས་དུས་འདས་པ་མེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ་དང་། སྒྲིག་ཁྲིམས་ཀྱི་མཐའ་ཚད་ནན་པོ་སྲུང་བ། སྐྱིད་འདོད་རིང་ལུགས་དང་། བག་མེད་ལོངས་སྤྱོད་རིང་ལུགས། ཐ་ཤལ་གྱི་ཞེན་ཆགས་བཅས་གཏན་འགོག་མཐའ་གཅིག་ཏུ་བྱས་ནས་རང་འགུལ་ངང་སྒྲིག་ཁྲིམས་སྲུང་བ་དང་སྒྲིག་ལམ་ལ་སྣང་ཆེན་གྱི་མིག་དཔེ་གཏོད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས“འདུ་ཤེས་བཞི”བརྟན་པོ་བཙུགས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུ་དེ་སྒམ་ནན་གྱི་ཆབ་སྲིད་ཀྱི་ལས་འགན་དུ་བརྩི་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ་དང་། རྒྱུན་གཏན་གྱི་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། ཏང་གི་སྒྲིག་སྲོལ་དང་སྒྲིག་ལམ་གྱི་སྒམ་ནན་རང་བཞིན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཞེས་བཏོན་པ་རེད།

    བརྡ་ཐོའི་ནང་རིམ་ཁག་སྒྲིག་བཤེར་ལྟ་བཤེར་ལས་ཁུངས་ཀྱིས་སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱེད་པ་དང་། ལྷུ་ཚིགས་གལ་ཆེན་ལ་མུ་མཐུད་དོ་སྣང་བྱེད་པ། ཐོན་བཟོ་ཡོད་པའི་གནད་དོན་ལ་ལྷོད་གཡེང་གཏན་ནས་མི་གཏོང་བ་བཅས་བྱས་ཏེ་སྒྲིག་ཁྲིམས་རྡོག་རོལ་དུ་གཏོང་མཁན་དང་སྡུག་ཚོད་མ་ཟིན་པ་དང་སྡུག་ལག་མ་སྐུམ་མཁན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་ཕྱིས་སུ་སྒྲིག་ཁྲིམས་དེ་བས་ནན་པོ་སྐྱོང་བ་དང་ཐག་གཅོད་ལྕི་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག་མིང་བཏོན་ནས་བརྡ་ཁྱབ་བ་དང་དམར་རྗེན་དུ་འདོན་དགོས་པ་དང་། མང་ཚོགས་ཀྱི་ལྟ་སྐུལ་དང་སྨྱན་སྦྱོར་གྱི་ལྟ་སྐུལ་ནུས་པ་གང་ལེགས་སྤྱད་དེ་ཐེར་འདོན་ཐབས་ལམ་ཤར་བགྲོད་ཡོང་བ་དང་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་བཏང་སྟེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཤུགས་མི་འདང་བ་དང“སྤྱོད་ཚུལ་བཞིའི”གནད་དོན་མངོན་གསལ་དོད་པའི་རིགས་ལ་འབྲེལ་ཡོད་ཏང་ཨུད་དང་། སྒྲིག་ཨུད། འགོ་ཁྲིད་ལས་བྱེད་པ་བཅས་ཀྱི་འགན་འཁྲི་རྩད་གཅོད་ནན་པོ་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།