[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • རྒྱབ་ཤ་དཀར་པོའི་དེབ་ནང་མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད་ཅེས་འཁོད་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-20

    རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཚེས་18ཉིན་བཏོན་པའི《མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གནས་ཚུལ》གྱི་རྒྱབ་ཤ་དཀར་པོའི་དེབ་ནང་། མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག་གི་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་བྱ་ཆེད། ཀྲུང་གོས་ཀྲུང་གོ་སྣོད་བཅུད་མ་ལག་ཞིབ་འཇུག་དྲ་རྒྱ་དང་མཐོ་གྲང་ཁུལ་གྱི་ས་ངོས་བརྒྱུད་རིམ་དང་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་ཞིབ་འཇུག་དྲ་རྒྱ་དང་དེ་བཞིན་ཁོར་ཡུག་སྲུང་སྐྱོང་དང་། རྒྱལ་ཁབ་ས་ཆ། ཞིང་ལས། ནགས་ལས། ཆུ་བེད། གནམ་གཤིས་སོགས་ཀྱི་ཆེད་ལས་ལྟ་དཔྱད་ཚད་འཇལ་དྲ་རྒྱ་ཚུད་པའི་ཅུང་འཐུས་སྒོ་ཚང་བའི་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་པས། གནམ་ས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་མ་ལག་ཅིག་གྲུབ་ཡོད་ཅེས་འཁོད་ཡོད།

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། གནམ་གཤིས་སྡེ་ཚན་གྱིས་མཚོ་བོད་ས་མཐོར་རབས་གསར་པའི་གནམ་གཤིས་ལེ་ཏ་9དང་། བར་སྣང་གི་གནམ་གཤིས་ལྟ་དཔྱད་ཚད་འཇལ་ས་ཚིགས་18 རྒྱལ་ཁབ་རིམ་པའི་ས་ངོས་ཀྱི་གནམ་གཤིས་ལྟ་དཔྱད་ཚད་འཇལ་ས་ཚིགས་123 ས་ཁོངས་ཀྱི་གནམ་གཤིས་ལྟ་དཔྱད་ཚད་འཇལ་ས་ཚིགས་1361བཅས་གསར་དུ་བསྐྲུན་པ་དང་། རླུང་སྤྲིན་རྟགས་ཅན་གྱི་གནམ་གཤིས་སྲུང་སྐར་3འཕེན་གཏོང་བྱས་ཏེ་གནམ་གཤིས་ལྟ་དཔྱད་ཚད་འཇལ་དང་ཚོད་ལྟའི་ས་ཚིགས་ཀྱི་དྲ་བ་འཐུས་སྒོ་ཚང་དུ་བཏང་བ་རེད།

    རྒྱབ་ཤ་དཀར་པོའི་དེབ་ནང་སྣོད་བཅུད་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་དྲ་རྒྱ་འཐུས་སྒོ་ཚང་དུ་དང་གྲངས་གཞིའི་སྤུས་ཚད་མཐོ་རུ་སོང་བ་དེས་ཁོར་ཡུག་གི་དོ་དམ་ཆུ་ཚད་དང་ལས་ཕྱོད་མཐོ་རུ་ཆེས་ཆེར་སོང་ཡོད་ཅེས་འཁོད་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།