[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>དཔྱད་གཏམ།
  • ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ལས་འགན་ཨང་དང་པོར་འཇོག་དགོས།

    —— ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་གཉིས་པ།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2015-09-15

    འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བའི་རྩ་བའི་གཞི་འཛིན་ས་འགན་ལེན་བྱས་ཏེ་དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་དགོངས་དོན་ཐོག་ནས་ཁྲིད་སྟོན་ཡོང་བ་བྱེད་དགོས།

    “ད་ཆའི་ལས་འགན་ཨང་དང་པོ་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཡིན”“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་བསམ་བློ་དང་། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་གི་རྩ་དོན་ལ་གཞིགས་ནས་ཚོགས་འདུའི་ཐོག་བཏོན་པའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། དེ་ནི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཚོགས་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་སྐབས་གསུངས་གནང་བ་ཞིག་ཡིན་པས།དུས་སྐབས་གསར་པའི་འོག་བོད་ཀྱི་ལས་དོན་ལ་འདོན་གནང་མཛད་པའི་བླང་བྱ་ནན་པོ་ཞིག་ཡིན་ལ། ད་ཆ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་དོན་ཆེན་ཨང་དང་པོ་དང་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོའང་ཡིན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་དབུ་ཁྲིད་འོག་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ཕྱོགས་གང་ཅིའི་ཐད་ཀྱི་ལས་ཀར་ཚད་བརྒལ་གསར་པ་བྱུང་བ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་སུ་གཏོང་བ། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་བཟང་པོ་བཏོད་ཐུབ་པ་བྱུང་ཡོད། གྲུབ་འབྲས་རབ་དང་རིམ་པ་ཐོབ་པ་དེ་དག་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་ལ། ཏང་གི་བོད་སྐྱོང་ཐབས་ཇུས་བོད་དུ་ལག་ལེན་ལམ་ལྷོངས་བྱུང་བའི་འབྲས་བུ་ཞིག་ཀྱང་ཡིན། ལག་ལེན་ལས་ཏང་གི་བོད་སྐྱོང་ཐབས་ཇུས་ཀྱིས་བཏོན་པའི་ཁ་ཕྱོགས་བཞིན་མདུན་སྐྱོད་བྱས་ཏེ་ཏང་གི་བོད་སྐྱོང་ཐབས་ཇུས་རྩ་བའི་གཞི་འཛིན་སར་བྱས་ནས་ལས་དོན་སྒྲུབ་པའི་སྒུལ་ཤུགས་ཆེན་པོར་བསྒྱུར་ཚེ། གཞི་ནས་བོད་དར་རྒྱས་ཕུན་སུམ་ཚོགས་པའི་ད་ཆ་དང་སྔར་བས་བདེ་སྐྱིད་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ངེས་ཡིན་པ་ར་སྤྲོད་གང་ལེགས་བྱུང་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་བོད་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་བརྗིད་ཆེའི་འཆར་གཞི་ཁྱོན་ཡོངས་ནས་བཀོད་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཧྲིལ་པོའི་ཁྲོད་ཀྱི་བོད་ཀྱི་གནས་བབ་སྔར་བས་ཁ་གསལ་བཟོས་པ་དང་། ཏང་གི་བོད་སྐྱོང་ཐབས་ཇུས་ཀྱི་དུས་རབས་གསར་པ་འབྱེད་པ། བོད་ཀྱི་ལས་དོན་ཁྲོད་ཀྱི་ཏང་གི་ལམ་ཚད་རྡོ་རིང་འཛུགས་པ། མཐའ་མཚམས་སྐྱོང་བ་དང་བོད་བརྟན་ལྷིང་ཡོང་བའི་ལེའུ་གསར་པ་རྩོམ་པ་བཅས་ནི་དུས་བབ་གསར་པའི་འོག་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་གྱུར་ཞིང་། ད་ཆ་ང་ཚོའི་མདུན་གྱི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ནི། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཁར་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཚོགས་འདུའི་དགོངས་དོན་ཐོག་གཅིག་གྱུར་དང་བློ་གྲོས་དང་སྟོབས་ཤུགས་ཚོགས་འདུའི་ཐོག་བཏོན་པའི་ལས་འགན་ཁག་ཐོག་གོང་བུ་འགྲིལ་རྒྱུ་དེ་ཡིན།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པར། དང་ཐོག་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཧྲིལ་པོའི་ཁྲོད་ཀྱི་བོད་ཀྱི་ལས་དོན་གྱི་དམིགས་བསལ་དང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས་བོད་ཀྱི་ལས་དོན་གྱི་གནས་བབ་དང་ཁ་ཕྱོགས་འཕྱུགས་པ་མེད་པར་ཁོང་དུ་ཆུད་པ་དང་བོད་ཀྱི་ལས་དོན་ཁྱོན་ཡོངས་ནང་བཞག་སྟེ་དོན་དུ་གཉེར་དགོས། བོད་ལ་ཁྱོན་ཡོངས་ནས་འབྱོར་འབྲིང་ཡོང་བར་བྱ་རྒྱུ་དེ་རྒྱལ་ཡོངས་ཁྱོན་ཡོངས་ལ་འབྱོར་འབྲིང་ཡོང་བ་བྱ་རྒྱུ་དང་འབྲེལ་བ་དང་། བོད་ལ་བདེ་འཇགས་དང་བརྟན་ལྷིང་ཡོང་བ་བྱ་རྒྱུ་དེ་རྒྱལ་ཡོངས་ལ་བདེ་འཇགས་དང་བརྟན་ལྷིང་ཡོང་བ་བྱ་རྒྱུ་དང་འབྲེལ་ཡོད། དུས་བབ་གསར་པ་དང་། ལས་འགན་གསར་པ། འགྲན་སློང་གསར་པ་བཅས་ཀྱི་མདུན་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་སྦྱིན་པའི་གོ་སྐབས་གལ་ཆེན་དམ་དུ་འཛིན་པ་དང་། རང་རྟོགས་ངང་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་དྲང་ནུས་གཅིག་ཏུ་འགྲིལ་ཏེ་ད་ཆའི་ལམ་ཐོག་ཏུ་འཕྲད་པའི་གནད་དོན་སྣ་ཚོགས་སེལ་དགོས།

    ལོ་རྒྱུས་ཀྱི་རྒྱང་སྐྱོད་གསར་པའི་ཐོག་ང་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཇི་ལྟར་ཡོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་སྐྱོན་བྲལ་ངང་འཕེལ་རྒྱས་ཇི་ལྟར་ཡོང་བ། མི་རིགས་ཁག་གི་མི་དམངས་རྣམས་ཀྱི་དངོས་པོ་དང་། རིག་གནས། འཚོ་བ་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཇི་ལྟར་ཡོང་བ། སྣོད་བཅུད་ཁོར་ཡུག་བཟང་པོ་ཇི་ལྟར་ཡོང་བ་བཅས་བྱེད་དགོས་སམ་ཞེ་ན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ཤུགས་རྐྱེན་ཕོག་པའི་གནད་དོན་གལ་ཆེན་དེ་དག་ལ་དམིགས་པ་ཞིག་ཡིན་པས། དེའི་ནང་དོན་ཕུན་སུམ་ཚོགས་པ་དང་། བསྟན་དོན་ཟབ་པ། ཁ་ཕྱོགས་གསལ་བའི་ངང་རྒྱས་བཤད་དང་འགྲེལ་པ་བརྒྱབ་ཡོད། ང་ཚོས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་བསམ་བློ་དང་། ཁྲིམས་བཞིན་བོད་སྐྱོང་བ་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་འཛུགས་སྐྲུན། མི་སེམས་གཅིག་ཏུ་འགྲིལ་བ། རྨང་གཞི་བརྟན་དུ་གཏོང་བའི་རྩ་དོན་གལ་ཆེན་ལ་གཞིགས་ནས་ང་ཚོས་གོ་བ་གཏིང་ཟབ་ལོན་པ་དང་ཁྱོན་ཡོངས་ནས་ལག་ལེན་བསྟར་ཏེ་ཚོགས་འདུའི་ཐོག་བཏོན་པའི་ལས་འགན་ཁག་དོན་འཁྱོལ་ཏན་ཏིག་ཡོང་བ་བྱེད་དགོས།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ་དེས་བོད་ཀྱི་ལས་དོན་ལ་རྣམ་པ་གསར་པ་འབྱེད་པའི་སྐུལ་སློང་གི་བཀའ་རྒྱ་བསྒྲགས་པས་ང་ཚོར་འགན་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་ཤུགས་ཆེན་ལྡན་དགོས་པ་མ་ཟད། ལྗོངས་ཡོངས་ཀྱི་སྟོབས་ཤུགས་དང་ཀུན་སེམས་གཅིག་ཏུ་འགྲིལ་ནས་ཆོད་སེམས་ཆེན་པོ་དང་། ལས་ཀ་སྒྲུབ་ཤུགས་ཆེ་བ། བྱ་ཐབས་ཏན་ཏིག་བཅས་ཡོང་བ་བྱས་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཆད་ལུས་མེད་པའི་སྒོ་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་སྐྱོན་བྲལ་ངང་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བར་འབད་པ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།