[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>འཕྲོད་བསྟེན།
  • ལྷོ་ཁ་ས་ཁུལ་མི་དམངས་སྨན་ཁང་ལ“ཁ་པ་རིམ་པ་གསུམ་པའི”ཕྱོགས་བསྡུས་སྨན་ཁང་གི་སྒོ་བྱང་བཀལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-12

    ཉེ་ཆར་ལྷོ་ཁ་ས་ཁུལ་མི་དམངས་སྨན་ཁང་གིས“ཁ་པ་རིམ་པ་གསུམ་པའི”ཕྱོགས་བསྡུས་སྨན་ཁང་དང་ཧུའུ་ནན་ཞིང་ཆེན་མི་དམངས་སྨན་ཁང་གི་ནད་ཐོག་སྨན་བཅོས་མཛུབ་ཁྲིད་སྨན་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་གཉེར་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ཁ་པ་རིམ་པ་གསུམ་པའི”ཕྱོགས་བསྡུས་སྨན་ཁང་གི་སྒོ་བྱང་བཀལ་བ་དང“ཧུའུ་ནན་ཞིང་ཆེན་མི་དམངས་སྨན་ཁང་གི་ནད་ཐོག་སྨན་བཅོས་མཛུབ་ཁྲིད་སྨན་ཁང”གི་སྒོ་བྱང་ས་ཁུལ་མི་དམངས་སྨན་ཁང་དུ་བཀལ་བ་དེས་ལྷོ་ཁ་ས་ཁུལ་མི་དམངས་སྨན་ཁང་གིས་ནང་སའི་འཕེལ་རྒྱས་ཀྱི་རྗེས་སུ་འབྲངས་པའི་ལམ་བུའི་ཐོག་གོམ་པ་གལ་ཆེན་ཞིག་སྤོས་པ་མཚོན་ཡོད། ད་ལྟའི་བར་ས་ཁུལ་མི་དམངས་སྨན་ཁང་ནི་ས་ཁུལ་དེ་ཡོངས་སུ་སྨན་བཅོས་དང་། སྔོན་འགོག འཕྲོད་སྦྱོར། དྲག་སྐྱེད། མྱུར་སྐྱོབ། ཚན་ཞིབ་བཅས་གཅིག་སྡུད་ཀྱི་རྒྱལ་ཁབ་ཀྱི“ཁ་པ་རིམ་པ་གསུམ་པའི”ཕྱོགས་བསྡུས་རང་བཞིན་གྱི་གཞུང་བཙུགས་སྨན་ཁང་འབའ་ཞིག་དེ་ཡིན་པ་དང་། རྒྱལ་ཁབ་རིམ་པའི་བུ་གཅེས་སྨན་ཁང་དང་རྒྱལ་སྤྱིའི་མྱུར་སྐྱོབ་རོགས་སྐྱོབ་དྲ་བའི་སྨན་ཁང་ཡང་ཡིན་ལ་དེ་དང་ཆབས་ཅིག་ལྷོ་ཁ་ས་ཁུལ་གྱི་120མྱུར་སྐྱོབ་ལྟེ་གནས་དང་ལྷོ་ཁ་ས་ཁུལ་ཟུངས་ཁྲག་སྦྱིན་འབུལ་ས་ཚིགས་ལ་ཚབ་གཉེར་བྱེད་ཀྱི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།