[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>འཕྲོད་བསྟེན།
  • སྨན་རིན་མི་དགོས་པའི་ཕྲུ་གུ་མ་བཙས་གོང་གི་ལེགས་བཙའི་བདེ་ཐང་བརྟག་དཔྱད་རྣམ་གྲངས་ཀྱི་བོད་ཀྱི་རྫོང་རིམ་པའི་སྨན་པ་དཀའ་བཅུ་པའི་གསོ་སྦྱོང་འཛིན་གྲྭ་ལྷ་སར་གཉེར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-12

    ཚེས་9ཉིན་གྱི་སྔ་དྲོ། སྨན་རིན་མི་དགོས་པའི་་ཕྲུ་གུ་མ་བཙས་གོང་གི་ལེགས་བཙའི་བདེ་ཐང་བརྟག་དཔྱད་ཀྱི་རྒྱལ་ཁབ་ཀྱི་རྣམ་གྲངས་བོད་ཀྱི་རྫོང་རིམ་པའི་སྨན་པ་དཀའ་བཅུ་པའི་གསོ་སྦྱོང་འཛིན་གྲྭ་ལྷ་སར་གཉེར་འགོ་ཚུགས་ཤིང་། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱི་ཅུས་ཀྲང་ཝང་གོ་ཆང་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་ཀྱིས་འགོ་ཚུགས་མཛད་སྒོར་ཕེབས་ནས་གཞི་རིམ་ནས་ཡོང་བའི་མ་བུའི་ལས་དོན་པར་གཟིགས་པ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོའི་བྱ་གཞག་ལ་ཚད་མཐོའི་ཐུགས་ཁུར་གནང་སྟེ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་གཙོ་བོར་བྱེད་པའི་སྤྱི་ཚོགས་བྱ་གཞག་ལ་དམིགས་བསལ་གྱིས་སྔོན་ལ་མ་དངུལ་བཏང་ཡོད། རྨང་གཞི་དེའི་ཐོག་སྨན་རིན་མི་དགོས་པའི་ཕྲུ་གུ་མ་བཙས་གོང་གི་ལེགས་བཙའི་བདེ་ཐང་བརྟག་དཔྱད་ལས་དོན་གྱི་རྣམ་པ་བཟང་པོ་བཏོད་པ་དང་འབྲེལ། གྲུབ་འབྲས་ཀྱང་ངེས་ཅན་ཐོབ་ནས་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱོན་ཡོངས་ནས་ཁྱབ་རྒྱུའི་དམིགས་ཚད་དུས་ཐོག་ཏུ་མངོན་འགྱུར་བྱུང་བ་དང་། རྫོང(ཆུས)ཁག་གིས་ལས་ཀའི་བྱེད་ཐབས་ནུས་ལྡན་འཚོལ་ཞིབ་བྱས་ཏེ་ཕྲུ་གུ་མ་སྐྱེས་གོང་སྐྱོན་ཆག་ཡོང་རྒྱུ་སྔོན་འགོག་བྱ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། 2014ལོར་ལྗོངས་ཡོངས་སུ་བརྟག་དཔྱད་ནང་ཞུགས་མཁན་མི་19964ཟིན་ཏེ་དམིགས་ཡུལ་མི་ཚོགས་སུ་ཁྱབ་ཚད་87%ཟིན་པ་དང་། ལེགས་བཙའི་དྲིལ་བསྒྲགས་བྱེད་ཚད་80%ཟིན་པ། ནད་ཕོག་མངལ་ཆགས་ཁྱོ་ཤུག་གིས་ལེགས་བཙའི་ཤེས་བྱ་ཤེས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་ཅེས་བསྟན་ཡོད། ཚོགས་འདུའི་ཐོག་ད་ཐེངས་ཀྱི་གསོ་སྦྱོང་འགོ་འཛུགས་སར་བྱས་ཏེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བརྟན་པོ་འཛུགས་པ། “ནན་གསུམ་དྲང་གསུམ”གྱི་བྱེད་སྒོ་དང་ཟུང་འབྲེལ་བྱེད་པ། རང་འགུལ་ངང་བྱེད་སྒོ་སྤེལ་བ་དང་བྱེད་ཐབས་སྣ་ཚོགས་སྤྱོད་པ་བཅས་ཀྱི་ཐོག་ནས་ཕྲུ་གུ་མ་སྐྱེས་གོང་སྐྱོན་ཆག་ཡོང་རྒྱུ་སྔོན་འགོག་བྱེད་པའི་རིམ་པ་དང་པོའི་ལས་དོན་ཏན་ཏིག་སྤེལ་དགོས་ཞེས་ནན་བཤད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།