[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>འཕྲོད་བསྟེན།
  • བསམ་གྲུབ་རྩེ་ཆུས་ཀྱི་ཏང་ཡོན་དང་བླངས་པའི་ཞབས་ཞུའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-11

    fz4.jpg

    ཉེ་ཆར་བསམ་གྲུབ་རྩེ་ཆུས་ཀྱི་ཏང་ཡོན་དང་བླངས་པའི་ཞབས་ཞུའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། བསམ་གྲུབ་རྩེ་ཆུས་ཀྱི་ཏང་ཡོན་དང་བླངས་པའི་ཞབས་ཞུའི་སྤྱི་ཁྱབ་ས་ཚིགས་ཀྱི་གཤམ་འོག་ཏུ་ཞབས་ཞུའི་ས་ཚིགས་26ཡོད་པ་དང་། མིག་སྔར་ཏང་ཡོན་700ལྷག་ཙམ་ཏང་ཡོན་དང་བླངས་པའི་ཞབས་ཞུའི་དཔུང་ཁག་ནང་ཞུགས་ཡོད། ཞབས་ཞུའི་རིགས་ནང་དབུལ་སྐྱོར་རྒུད་སེལ་དང་། སློབ་ཁྲིད་རོགས་སྐྱོར། སྨན་བཅོས་འཕྲོད་སྦྱོར་སོགས་ནང་དོན་ཁག་བཅུ་ཚུད་ཡོད་པ་དང་། ཟླ་རེའི་གཟའ་འཁོར་དང་པོའི་གཟའ་པ་སངས་ནི་ཏང་ཡོན་དང་བླངས་པའི་ཞབས་ཞུའི་ཉིན་མོ་ཡིན་པ་དང་། ཟླ་རེར་དང་བླངས་ཞབས་ཞུའི་བྱེད་སྒོ་ཉུང་ཤོས་སུ་ཐེངས་གཅིག་སྤེལ་གྱི་ཡོད་ཅིང་། འདི་ནི་ཏང་ཡོན་དང་བླངས་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་རུ་ཁག་གིས་བསམ་གྲུབ་རྩེ་ཆུས་སྤྱི་ཚོགས་ཕན་བདེ་ཁང་གི་རྒན་རྒོན་ལ་ཁྲག་ཤེད་ལྟ་བའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།