[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>འཕྲོད་བསྟེན།
  • བོད་ལྗོངས་ཀྱིས་ཕྱུགས་རིགས་སྨན་པའི་ལས་གཉེར་ཐོབ་ཐང་རྒྱུགས་སྤྲོད་ལས་དོན་གྱི་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-11

    ལྗོངས་ཡོངས་ཀྱི་ལས་གཉེར་ཕྱུགས་རིགས་སྨན་པ་དང་། གཞུང་ཕྱོགས་ཀྱི་ཕྱུགས་རིགས་སྨན་པ། གྲོང་གསེབ་ཀྱི་ཕྱུགས་རིགས་སྨན་པ་བཅས་ཀྱི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཕྱུགས་རིགས་སྨན་པའི་དཔུང་ཁག་གི་ཆ་འཕྲིན་ཅན་གྱི་དོ་དམ་དང་སྲོག་ཆགས་སྨན་བཅོས་སྒྲིག་གཞིའི་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་གཏོང་བ། 2015ལོའི་ལྗོངས་ཡོངས་ཀྱི་ལས་གཉེར་ཕྱུགས་རིགས་སྨན་པའི་ཐོབ་ཐང་རྒྱུགས་སྤྲོད་ཀྱི་བོད་ལྗོངས་རྒྱུགས་ཁུལ་གྱི་ལས་དོན་ཁག་ལེགས་པར་སྒྲུབ་པ་བཅས་ཀྱི་ཆེད་དུ་ཉེ་ཆར་རང་ལྗོངས་ཀྱིས་ཀྲུང་གོའི་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ལས་གཉེར་ཕྱུགས་རིགས་སྨན་པའི་ལས་དོན་ཁྲུའུ་ཡི་འགོ་ཁྲིད་དང་རིགས་གཅིག་མཁས་ཅན་བོད་དུ་སློབ་ཁྲིད་དང་གསོ་སྦྱོང་དུ་གདན་དྲངས་པ་རེད། ལྗོངས་དང་ས་ཁུལ་རིམ་པ་གཉིས་ཀྱི་ཕྱུགས་རིགས་སྨན་པའི་སྲིད་འཛིན་གཙོ་གཉེར་ཚན་པ་དང་སྲོག་ཆགས་འཕྲོད་བསྟེན་ལྟ་སྐུལ་དོ་དམ་སྒྲིག་གཞིའི་ཁྱོན་མི་40ལྷག་ཙམ་གསོ་སྦྱོང་ནང་ཞུགས་ཡོད།

    ད་རེས་ཀྱི་གསོ་སྦྱོང་ནང་ལས་གཉེར་ཕྱུགས་རིགས་སྨན་པ་དང་། གཞུང་ཕྱོགས་ཀྱི་ཕྱུགས་རིགས་སྨན་པ། གྲོང་གསེབ་ཀྱི་ཕྱུགས་རིགས་སྨན་པ་བཅས་ཀྱི་ཆ་འཕྲིན་དོ་དམ་མ་ལག་བཀོལ་སྤྱོད་དང་སྲོག་ཆགས་སྨན་བཅོས་སྒྲིག་གཞིའི་ཆ་འཕྲིན་དོ་དམ་མ་ལག་བཀོལ་སྤྱོད་སོགས་ཀྱི་ནང་དོན་གཙོ་གནད་དུ་བཤད་ཁྲིད་བྱས་པ་རེད། གསོ་སྦྱོང་བྱས་པ་བརྒྱུད་རང་ལྗོངས་ཀྱི་གཞུང་ཕྱོགས་ཕྱུགས་རིགས་སྨན་པའི་དོ་དམ་ཆ་འཕྲིན་མ་ལག་རྒྱུན་གཏན་ལྟར་བཀོལ་སྤྱོད་ཐུབ་རྒྱུར་སྔར་བས་སྐུལ་མ་ཐེབས་པ་དང་། ཕྱུགས་རིགས་སྨན་པའི་དཔུང་ཁག་ཚད་ལྡན་ཅན་དང་། ཆ་འཕྲིན་ཅན། ཚན་རིག་ཅན་བཅས་ཀྱི་དོ་དམ་བྱ་རྒྱུར་སྐུལ་མ་ཐེབས་པ། ལས་གཉེར་ཕྱུགས་རིགས་སྨན་པའི་རྒྱུགས་སྤྲོད་ཀྱི་ལྷུ་ཚིགས་ཁག་གི་ལས་དོན་གྱི་བསམ་ཕྱོགས་གསལ་པོ་བཅས་བྱུང་བས་རང་ལྗོངས་ཀྱི་2015ལོའི་ལས་གཉེར་ཕྱུགས་རིགས་སྨན་པའི་ཐོབ་ཐང་རྒྱུགས་སྤྲོད་ལས་དོན་བདེ་བླག་ངང་གྲུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཐུབ་པ་བྱུང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།