[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>འཕྲོད་བསྟེན།
  • ལྷོ་ཁ་ས་ཁུལ་གྱིས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་གོང་འཕེལ་ཤུགས་ཆེ་གཏོང་བ།

  • ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-03

    ཉེ་བའི་ལོའི་ནང་ལྷོ་ཁ་ས་ཁུལ་གྱིས།  བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ་དང་།  གཞི་རིམ་གྱི་བོད་ལུགས་གསོ་རིག་གི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ།  གཞི་རིམ་གྱི་བོད་ལུགས་གསོ་རིག་གི་སྒོ་བསྟེན་སྨན་བཅོས་ཀྱི་སྒྲིག་བཀོད་ཆ་རྐྱེན་ལེགས་བཅོས་གཏོང་རྒྱུ་བཅས་ལས་ཀའི་གཙོ་གནད་ལ་བཞག་སྟེ།  བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུ་དེ་ཤང་གྲོང་ཚོ་ཚང་མར་ཁྱབ་པ་བྱས་པར་ཕན་འབྲས་ཅུང་བཟང་པོ་ཐོན་ཡོད་པ་དང་།  རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་པ་རེད།

    ལྷོ་ཁ་ས་ཁུལ་གྱིས་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ།  ནད་གཞི་ཚབས་ཆེན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་འགོག་བཅོས་དང་ཞིབ་འཇུག་ལས་དོན་སྤེལ་བ་དང་།  སྨན་རྩིས་ཁང་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་།  རྫོང་རིམ་པ་ཡན་གྱི་སྨན་རྩིས་ཁང་གི་ཕྱོགས་བསྡུས་དོ་དམ་གྱི་ཆུ་ཚད་དང་ལག་རྩལ་གྱི་ཆུ་ཚད།  རིག་གཞུང་གི་ཆུ་ཚད་བཅས་མཐོ་རུ་བཏང་སྟེ།  བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁྱད་ཆོས་རྒྱུན་འཁྱོངས་དང་འདོན་སྤེལ་ཐུབ་པ་བྱེད་པ།  བོད་ལུགས་གསོ་རིག་གི་ཞབས་ཞུའི་དྲ་བ་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་བ་དང་ས་ཁུལ་སྨན་རྩིས་ཁང་གིས་སྣེ་འདྲེན་བྱས་ཏེ།  བོད་ལུགས་གསོ་རིག་དང་བོད་སྨན་ལ་འཚམ་པའི་ལག་རྩལ་ཁྱབ་གདལ་བཏང་ནས།  ཞིང་འབྲོག་ཁུལ་དང་སྡེ་ཁུལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ཤུགས་ཆེ་གཏོང་བ་དང་།  བོད་ལུགས་གསོ་རིག་དང་བོད་སྨན་ཆ་འཕྲིན་ཅན་དང་ཚད་གཞི་ཅན།  ཚད་ལྡན་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས།  དུས་མཚུངས་ད་ཡོད་ཤེས་ལྡན་མི་སྣའི་དཔུང་ཁག་གི་མི་མངོན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད།  ལྷོ་ཁ་ས་ཁུལ་འཕྲོད་བསྟེན་ཚན་པས་གདན་ཞུ་བྱེད་པ་དང་ཕྱིར་བསྐྱོད་པ།  ལས་གནས་ཐོག་སྦྱོང་བརྡར་སྤྲོད་པ་སོགས་རྣམ་པ་སྣ་ཚོགས་བརྒྱུད་ནུས་ཤུགས་ཡོད་རྒུས་སྨན་དོན་མི་སྣའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།