[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>སྣོད་བཅུད།
  • ལྷ་སས་ཁོར་ཡུག་སྲུང་སྐྱོང་གི“དྲང་ནུས”བསྣན་པ།

  • ཡོང་ཁུངས།   ​ མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-24

    ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ནང་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་བེད་སྤྱོད་བཏང་བ་རེད། སྲོལ་རྒྱུན་གྱི་བདལ་གཏོང་རླངས་འཁོར་ཚང་མ་སྣུམ་ནས་སོལ་རླངས་ལ་འགྱུར་བ་དང་། གློག་སྒུལ་བདལ་གཏོང་རླངས་འཁོར་ཚོད་ལྟའི་ངང་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། ལྷ་ས་གྲོང་ཁྱེར་གྱི་ཁྲོམ་ལམ་དུ་བཀོད་སྒྲིག་བྱས་པའི་སྤྱི་སྤྱོད་རྐང་འཁོར་500ལྷག་ཙམ་གྱིས་གྲོང་མིའི་ལྗང་མདོག་འགྲོ་སྐྱོད་ལ་སྟབས་བདེ་བསྐྲུན་པ་དང་། གྲོང་མིའི་འཚོ་བའི་ཐད་ཉི་འོད་ནུས་པའི་ཆུ་ཚ་པོ་བཟོ་ཆས་དང་ཉི་ཐབ་སོགས་སྒྲིག་ཆས་བེད་སྤྱོད་གང་ལེགས་བྱེད་བཞིན་ཡོད། ལྷ་ས་གྲོང་ཁྱེར་གྱིས་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་བྱེད་ཐབས་སྣ་ཚོགས་སྤྱད་པས་གྲོང་ཁྱེར་གྱི་ཁོར་ཡུག་ཡག་པོ་ཞིག་སྐྲུན་ཆེད“དྲང་ནུས”བསྣན་ཡོད།

    201246_yis_1439355864560.jpg

    ལྷ་ས་གྲོང་ཁྱེར་གྱི་གྲོང་མིའི་སྡེ་ཁུལ་ཞིག་གི་ཐོག་ཁའི་སྟེང་གི་ཉི་ནུས་ཆུ་ཚ་པོ་བཟོ་ཆས་ཡིན་པ།

    201244_yis_1439355864233.jpg

    རྐང་འཁོར་བཞོན་རྒྱུར་དགའ་པོ་ཡོད་མཁན་གྱིས་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་རྐང་འཁོར་བཞོན་ནས་ཕྱིར་སྐྱོད་པའི་གནས་ཚུལ་ཡིན་པ།

    201247_yis_1439355864794.jpg

    གྲོང་མིས་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་སྤྱི་སྤྱོད་རྐང་འཁོར་སྤྱོད་པའི་གནས་ཚུལ་ཡིན་པ།

    201245_yis_1439355864467.jpg

    ལྷ་སའི་གྲོང་མིས་གློག་སྒུལ་སྤྱི་སྤྱོད་རླངས་འཁོར་ལ་འཛེགས་པའི་གནས་ཚུལ་ཡིན་པ།

    201243_yis_1439355864123.jpg

    ལྷ་སའི་གྲོང་མིས་ཉི་ཐབ་སྤྱད་དེ་ཆུ་སྐོལ་བའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།