[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>སྣོད་བཅུད།
  • ཁོར་ཡུག་སྲུང་སྐྱོང་པུས་ལོ་སྟོད་ཀྱི་རྒྱལ་ཡོངས་ཀྱི་ཁོར་ཡུག་སྤུས་ཚད་གནས་ཚུལ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།   ​ མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2015-07-29

    7ཚེས་26་ཉིན་ཁོར་ཡུག་སྲུང་སྐྱོང་པུས་2015ལོའི་ལོ་སྟོད་ཀྱི་རྒྱལ་ཡོངས་ཀྱི་ཁོར་ཡུག་སྤུས་ཚད་གནས་ཚུལ་ཁྱབ་བསྒྲགས་བྱས་པ་སྟེ། པེ་ཅིང་དང་། ཐེན་ཅིན། ཧོ་པེ། འབྲི་ཆུའི་ཟུར་གསུམ་གླིང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་བཅས་ས་ཁུལ་གྱི་མཁའ་རླུང་སྤུས་ཚད་དེ་ལོ་གོང་མའི་དུས་མཚུངས་དང་བསྡུར་ན་ལེགས་སུ་ཕྱིན་ཡོད།

    ཁོར་ཡུག་སྲུང་སྐྱོང་པུའུ་ཁོར་ཡུག་ལྟ་ཞིབ་ཚད་ལེན་སིའི་སི་ཀྲང་ལུའོ་དབྱི་ཡིས་ངོ་སྤྲོད་བྱས་པར། 2015ལོའི་ལོ་སྟོད་དུ་རྒྱལ་ཁབ་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་བའི་ཐོག་ཁོར་ཡུག་གི་མཁའ་རླུང་དང་། སྐྱུར་ཆར། ས་ངོས་ཆུ་སོགས་ཀྱི་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་གྱི་ལས་དོན་མུ་མཐུད་སྤེལ་ཡོད། 《ཁོར་ཡུག་མཁའ་རླུང་སྤུས་ཚད་ཀྱི་ཚད་གཞི》གཞིར་བཟུང་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་ཡན་དང་དེ་བཞིན་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་338ཀྱི་ཚད་ལོན་ཉིན་གྲངས་ཀྱི་བསྡུར་ཚད་དེ་ཆ་སྙོམས་72.7%ཟིན་པའི་ནང་སྦགས་བཙོག་ཅུང་ཆུང་བའི་བསྡུར་ཚད་དེ་18.7%ཡིན་པ་དང་། སྦགས་བཙོག་ཅུང་འབྲིང་བས་5.2%བཟུང་བ། སྦགས་བཙོག་ཆེ་བས་2.7%བཟུང་བ། སྦགས་བཙོག་ཚབས་ཆེ་བས་0.7%བཟུང་ཡོད། སྦགས་བཙོག་བཟོ་ཆེ་ཤོས་ནི་PM2.5ཡིན།

    དུས་མཚམས་དང་པོར་མཁའ་རླུང་སྤུས་ཚད་ཀྱི་ཚད་གཞི་གསར་པ་ལག་བསྟར་བྱས་པའི་པེ་ཅིང་དང་། ཐེན་ཅིན། ཧོ་པེ། འབྲི་ཆུའི་ཟུར་གསུམ་གླིང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་བཅས་ཀྱི་ས་ཁོངས་དང་དེ་བཞིན་ཐད་སྐྱོང་གྲོང་ཁྱེར་དང་། ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར། འཆར་གཞིའི་ལོགས་བཀོད་ཀྱི་གྲོང་ཁྱེར་བཅས་ཁྱོན་གྲོང་ཁྱེར་74ཡི་ཚད་ལོན་ཉིན་གྲངས་ཀྱི་བསྡུར་ཚད་ཆ་སྙོམས་68.0%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་6.9ཡིས་མཐོ་རུ་ཕྱིན་ཡོད། སྦགས་བཙོག་བཟོ་ཆེ་ཤོས་ནི་PM2.5ཡིན་པ་དང་དེ་ནས་O3ཡིན། པེ་ཅིང་དང་། ཐེན་ཅིན། ཧོ་པེ། འབྲི་ཆུའི་ཟུར་གསུམ་གླིང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་བཅས་ས་ཁུལ་གྱི་མཁའ་རླུང་སྤུས་ཚད་དེ་ལོ་གོང་མའི་དུས་མཚུངས་དང་བསྡུར་ན་ལེགས་སུ་ཕྱིན་ཡོད། གྲོང་ཁྱེར་74ཁྲོད་མཁའ་རླུང་སྤུས་ཚད་ཅུང་ཞན་པའི་མཐའ་མའི་གྲོང་ཁྱེར་10ནི་པའོ་ཏེང་དང་། ཞིང་ཐའེ། ཀྲེང་ཀྲོའུ། ཐང་ཧྲན། ཧྲེ་ཅ་ཀྲོང་། ཧོང་ཧྲུའེ། ཅི་ནན། ཧན་ཏན། ཧྲེན་དབྱང་། ཐའེ་ཡོན་བཅས་ཡིན་པ་དང་མཁའ་རླུང་གི་སྤུས་ཚད་ཅུང་ལེགས་པའི་མདུན་གྱི་གྲོང་ཁྱེར་10ནི་ཧའེ་ཁའུ་དང་། ལྷ་ས། ཧུའེ་ཀྲོའུ། ཀྲོའུ་ཧྲན། ཤ་མོན། ཀྲུང་ཧྲན། ཀྲུའུ་ཧའེ། ཧྲེན་ཀྲེན། ཁུན་མིན། ཕུའུ་ཀྲོའུ་བཅས་ཡིན།

    ཤེས་རྟོགས་བྱས་པར་གཞིགས་ན། ལོ་སྟོད་དུ་སྐྱུར་ཆར་གྱི་ལྟ་ཞིབ་ཚད་ལེན་བྱས་པའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་470ཁྲོད་གྲོང་ཁྱེར་164ལ་སྐྱུར་ཆར་བབས་ཤིང་། ལོ་སྟོད་ཀྱི་དུས་མཚུངས་དང་བསྡུར་ན་སྐྱུར་ཆར་བབས་པའི་གྲོང་ཁྱེར་གྱི་བསྡུར་ཚད་དང་། སྐྱུར་ཆར་ཅུང་ཆེན་པོ་བབས་པའི་གྲོང་ཁྱེར་གྱི་བསྡུར་ཚད། སྐྱུར་ཆར་ཧ་ཅང་མང་པོ་བབས་པའི་གྲོང་ཁྱེར་གྱི་བསྡུར་ཚད་བཅས་བརྒྱ་ཆའི་གྲངས་4.5དང་། 5.8 3.2སོ་སོར་ཆག་ནས་རྒྱལ་ཡོངས་སུ་སྐྱུར་ཆར་གྱིས་བཟོས་པའི་སྦགས་བཙོག་གནས་ཚུལ་སྤྱིའི་ཆ་ནས་ལེགས་སུ་ཕྱིན་ཡོད། ལོ་སྟོད་དུ་ལྟ་ཞིབ་ཚད་ལེན་བྱས་པའི་ས་ངོས་ཆུའི་བཅད་ངོས་956ཁྲོད་རིམ་པ་དང་པོའི་བཅད་ངོས་ཀྱིས་2.7%བཟུང་བ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.1ཆག་པ་དང་། རིམ་པ་གཉིས་པའི་བཅད་ངོས་ཀྱིས་31.2%བཟུང་བ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་3.2མཐོ་རུ་ཕྱིན་པ། རིམ་པ་གསུམ་པའི་བཅད་ངོས་ཀྱིས་30.2%བཟུང་བ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.8ཆག་པ། རིམ་པ་བཞི་པའི་བཅད་ངོས་ཀྱིས་18.9%བཟུང་བ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.0ཆག་པ། རིམ་པ་ལྔ་པའི་བཅད་ངོས་ཀྱིས་6.7%བཟུང་བ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.1མཐོ་རུ་ཕྱིན་པ། རིམ་པ་ལྔ་པ་ལས་བརྒལ་བའི་བཅད་ངོས་ཀྱིས་10.3%བཟུང་བ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.4ཆག་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 卓玛吉