[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>དམངས་འཚོ།
  • “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྷ་ས་གྲོང་ཁྱེར་གྱི་མི་ཁྲི་8དབུལ་སྒྲོལ་ཐུབ་ཡོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-23

    གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྷ་ས་གྲོང་ཁྱེར་གྱིས་དབུལ་སྐྱོར་རྣམ་གྲངས་ཁག་ལག་ལེན་ཤུགས་ཆེན་བསྟར་བས། དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་གོང་འཕེལ་ལ་སྐུལ་མ་ཐེབས་པའི་ཁར་དཔལ་འབྱོར་དང་། སྤྱི་ཚོགས། སྣོད་བཅུད་ཕན་འབྲས་བཅས་ཚད་མཐོའི་གཅིག་གྱུར་བྱུང་ཡོད་པ་རེད།  

    དབུལ་པོའི་མི་གྲངས་ལོ་རེ་བཞིན་ཉུང་དུ་ཕྱིན་པ། དབུལ་སྐྱོར་བྱ་ཡུལ་གཏན་འཁེལ་དང་། གནད་སྨིན་དབུལ་སྐྱོར། རྣམ་གྲངས་ཁག་གི་སྐུལ་ཁྲིད་དང་མང་ཚོགས་དབུལ་པོས་དཀའ་སྤྱད་ངལ་རྩོལ་བཅས་བྱས་པ་བརྒྱུད། 2011ལོ་ནས་2013ལོའི་བར་ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་དབུལ་པོ་56873དབུལ་སྒྲོལ་ཐུབ་ཡོད་པ་རེད། 2014ལོར་ལྷ་ས་གྲོང་ཁྱེར་གྱིས་རེས་སྐོར་གསར་པའི་ཡིག་ཚགས་དང་གཱ་བཟོ་བའི་ལས་དོན་སྤེལ་འགོ་བཙུགས་པ་དང་གནད་སྨིན་དབྱེ་འབྱེད་བྱས་པ་བརྒྱུད། གྲོང་ཁྱེར་དེའི་མི་འབོར་དབུལ་པོ་73520ཡི་ནང་ནས་མི་ཁྲི་2.3ལོ་དེ་རང་དུ་དབུལ་སྒྲོལ་ཐུབ་ཡོད་པ་རེད།

    ཞིང་འབྲོག་ལས་ཀྱི་རྨང་གཞིའི་ཆ་རྐྱེན་རིམ་གྱིས་ལེགས་སུ་ཕྱིན་པ། ལྷ་ས་གྲོང་ཁྱེར་གྱིས་ཆུ་ཡུར་སྤྱི་ལེ་65བསྐྱར་སྐྲུན་རྒྱས་སྐྲུན་དང་ཆུ་རྫིང་17རྒྱས་སྐྲུན་བྱས་པར། མུའུ་རེ་ནས་འབྲུ་རིགས་ཐོན་ཚད་སྤྱི་རྒྱ་50ཡན་མཐོ་རུ་ཕྱིན་ནས་མང་ཚོགས་དུད་ཚང་8785ལ་ཕན་པ་ཐོབ་ཡོད་པ་དང་། སྨི་ངོས་གྲུ་ཁྲི་3ཟིན་པའི་འགྱིག་ཤོག་དྲོད་ཁང་གི་ཕྱུགས་ཚང་གསར་སྐྲུན་དང་། ཟམ་ཆུང་12དང་གྲོང་གསེབ་ཀྱི་འགྲོ་ལམ་སྤྱི་ལེ་6གསར་སྐྲུན་བྱས་པར། དུད་ཚང་1644ཡི་མི་7800གྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་འབྲེལ། དུད་ཚང་དབུལ་པོ་3000གི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་ལེགས་གྲུབ་ཟིན་ཡོད་པ་རེད།

    ཤང་ཧྲིལ་པོར་སྐུལ་འདེད་གཏོང་བའི་ལས་དོན་བདེ་བླག་ངང་སྤེལ་བ། 2011ལོ་ཚུན་ལྷ་ས་གྲོང་ཁྱེར་གྱིས་སྔ་རྗེས་སུ་ཤང་19རུ་ཤང་ཧྲིལ་པོར་སྐུལ་འདེད་གཏོང་བའི་ལས་དོན་སྤེལ་བ་དང་གྲོང་ཚོ་78ལ་ཁྱབ་ནས་དབུལ་སྐྱོར་གསར་སྤེལ་རྣམ་གྲངས་ཁག་140ལེགས་སྒྲུབ་བྱས་པ་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་མ་དངུལ་སྒོར་ཁྲི་8012དོན་འཁྱོལ་བྱས་པས། རྣམ་གྲངས་ཀྱིས་ཐད་ཀར་མང་ཚོགས་ཁྲི་2.16ལ་ཕན་པ་ཐོབ་ཡོད་པ་རེད།

    གནས་གཏན་འཁེལ་གྱི་དབུལ་སྐྱོར་ལས་དོན་ལ་ཕན་འབྲས་བཟང་པོ་ཐོན་པ། ལྷ་ས་གྲོང་ཁྱེར་གྱི་གནས་གཏན་འཁེལ་གྱི་དབུལ་སྐྱོར་ཚན་པ་106གིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས། 2011ལོ་ནས་བཟུང་རིམ་རྩིས་ལྟར་ན་མི་ཐེངས་7978མངགས་ནས་གནས་གཏན་འཁེལ་གྱི་དབུལ་སྐྱོར་བྱས་པ་དང་། རྣམ་གྲངས་ཁག་1050བརྩོན་ལེན་བྱས་པར། མ་དངུལ་སྒོར་དུང་ཕྱུར་4བཏང་བ་བཅས་བྱས་ཡོད་པ་རེད།

    རོགས་རེས་རྣམ་གྲངས་ལ་བརྟེན་ནས་མང་ཚོགས་དབུལ་པོའི་འཕེལ་རྒྱས་ཀྱི་འཇོན་ཐང་ཆེ་རུ་གཏོང་རོགས་བྱས་པ། རོགས་རེས་རྣམ་གྲངས་ལག་ལེན་བསྟར་ཚུན་རོགས་རེས་མ་དངུལ་སྒོར་ཁྲི་1690དོན་འཁྱོལ་བྱས་པ་དག་གྲོང་ཚོ་62དང་འབྲེལ་བ་ཡོད་པ་དང་། ཞིང་དུད་6241(དེའི་ནང་དུད་ཚང་དབུལ་པོ་2014ཡོད་པ)བསྡུ་ལེན་བྱས་པས། མང་ཚོགས་དབུལ་པོར་དབང་ཆ་འདྲ་མཉམ་གྱི་མ་དངུལ་བེད་སྤྱོད་བྱེད་དབང་དང་རྣམ་གྲངས་འདེམས་དབང་མངོན་འགྱུར་བྱུང་ཡོད་པ་རེད།

    དངུལ་རྩའི་དབུལ་སྐྱོར་གྱིས་དབུལ་སྐྱོར་གསར་སྤེལ་ལ་སྒུལ་ཤུགས་གསར་པ་བསྣན་པ། 2014ལོར་ལྷ་ས་གྲོང་ཁྱེར་གྱིས་རིམ་རྩིས་ལྟར་ན་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་སྒོར་དུང་ཕྱུར་9.18བཏང་ནས་ཞིང་འབྲོག་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི་1.84ཡི་འབབ་འཕར་ཕྱུག་འགྱུར་ལ་ཐད་ཀར་སྐུལ་ཁྲིད་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།