[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>དམངས་འཚོ།
  • སྟོད་ལུང་བདེ་ཆེན་རྫོང་གིས་ནགས་བཟོ་སྔོ་འགྱུར་བྱེད་ཤུགས་ཆེ་རུ་གཏོང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-20

    ད་ལོ་ཤར་ཚུན་དུ། སྟོད་ལུང་བདེ་ཆེན་རྫོང་གིས་སྔོ་འགྱུར་མཛེས་འགྱུར་གྱི་ལས་དོན་དམ་འཛིན་བྱས་ནས་སྔོ་འགྱུར་རྒྱ་ཆེར་གཏོང་བའི་རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱེད་པ་དང་། གསབ་འཛུགས་གསབ་བཟོ་བྱེད་ཤུགས་ཆེ་རུ་གཏོང་བ། སྔོ་འགྱུར་ལས་དོན་གྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་ཡོད་པ་རེད།

    སྐུལ་འདེད་བརྟན་པོ་བཏང་ནས་སྔོ་འགྱུར་རྒྱ་ཆེར་གཏོང་བའི་རྣམ་གྲངས་ལག་བསྟར་བྱེད་པ། རྣམ་གྲངས་ཁག་འགོ་ཚུགས་ཚུན། སྟོད་ལུང་བདེ་ཆེན་རྫོང་གིས་མ་དངུལ་སྒོར་ཁྲི་1180ལྷག་ཙམ་བཏང་ནས་རྒྱལ་ལམ་109བཟང་མོ་གྲོང་ཚོ་དུམ་བུའི་སྔོ་འགྱུར་རྒྱ་ཆེར་གཏོང་བའི་ལས་གྲྭ་དང་། རྫོང་གྲོང་སྔོ་འགྱུར་བདག་སྐྱོང་རྣམ་གྲངས། རྫོང་གྲོང་སྔོ་འགྱུར་གསབ་འཛུགས་གསབ་བཟོའི་ལས་གྲྭ རྒྱལ་ལམ་318རྒྱུད་ཀྱི་གསབ་འཛུགས་གསབ་བཟོའི་ལས་གྲྭ་སོགས་སྔོ་འགྱུར་རྒྱ་ཆེར་གཏོང་བའི་རྣམ་གྲངས་ཀྱི་མྱུར་ཚད་མགྱོགས་སུ་བཏང་ཞིང་། མིག་སྔའི་བར་སྔོ་འགྱུར་རྒྱ་ཆེར་གཏོང་བའི་རྣམ་གྲངས་11སྤྱིའི་ཆ་ནས་ལེགས་གྲུབ་བྱུང་བ་དང་། ཁྱོན་ཤུག་པ་དང་། ཡ་འབོག་སོགས་ཤིང་ཕྲུག་སྣ་ཁ་19བཙུགས་པ་དང་། མེ་ཏོག་ལྡུམ་ར་22ཉམས་གསོ་བྱས་པ། ལྕགས་དྲ་སྨི་9488སྐོར་བ་བཅས་བྱས་པ་རེད།

    དོན་འཁྱོལ་གཙོ་བོར་བྱས་ཏེ་གསབ་འཛུགས་གསབ་བཟོ་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ལམ་109དང་རྒྱལ་ལམ་318སྔོ་ལྗང་བར་ཁྱམས་གཏོད་ཆེད། སྟོད་ལུང་བདེ་ཆེན་རྫོང་གིས་འབྲེལ་ཡོད་འགན་འཁྲི་གསལ་པོ་བཟོས་ཏེ་ཁོངས་གཏོགས་ཁུལ་གྱི་རྒྱལ་ལམ་109དང་རྒྱལ་ལམ་318རྒྱུད་ཀྱི་ཤིང་སྡོང་རུལ་པ་འཕྲལ་མར་བརྗེས་པ་དང་། མིག་སྔའི་བར་རྒྱལ་ལམ་318རྒྱུད་དུ་སྤང་སྨི་ངོས་གྲུ་3000གསབ་འདེབས་བྱས་ཡོད།

    བདག་སྐྱོང་གཟབ་ནན་བྱས་ཏེ་སྔོ་འགྱུར་ལས་དོན་གྱི་ཕན་འབྲས་ཇེ་ཆེར་གཏོང་བ། བདག་སྐྱོང་མི་སྣས་ཉིན་རེར་སྐོར་གཡེང་རེ་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་པ་དང་། ཉིན་ལྟར་ལམ་བུ་ཁག་གི་གསབ་འཛུགས་ཤིང་འཛུགས་ལ་ཆུ་རྒྱག་པ་དང་། སྔོ་ལྗང་ཁུལ་གྱི་རྩྭ་ཡན་དང་གད་སྙིགས་གཙང་ཕྱགས་བྱ་རྒྱུ་རྒྱུན་འཁྱོངས། སྔོ་ལྗང་ཁུལ་གྱི་རྩི་ཤིང་ལ་ཡལ་བཞུར་རྒྱག་པ་བཅས་བྱས་ནས་སྔོ་ལྗང་ཅན་གྱི་ཁོར་ཡུག་སྤུས་ཚད་དང་གྲོང་ཁྱེར་གྱི་ཁོར་ཡུག་རྣམ་པ་མཐོ་རུ་བཏང་ཞིང་། མིག་སྔའི་བར་རྫོང་དེས་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་187.58བཏང་ནས་གདོང་དཀར་ལམ་དང་རྒྱལ་ལམ་109ཡི་རྫོང་གྲོང་དུམ་བུ། བདེ་ཆེན་ལམ་ཆེན། རྒྱལ་ལམ་318 རྫོང་ཨུད་དང་དེ་བཞིན་རྫོང་སྲིད་གཞུང་གི་སྒོ་ར་སོགས་ཀྱི་སྔོ་འགྱུར་གླིང་སྨི་ངོས་གྲུ་144292སྔོ་འགྱུར་བདག་སྐྱོང་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།