[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>དམངས་འཚོ།
  • གྲོང་མིས་རྡོ་གཤག་ར་བར་རྡོ་གཅལ་ཐོན་སྐྱེད་བྱེད་པ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-16

    196295_yis_1438064717960.jpg

    ཆབ་མདོ་གྲོང་ཁུལ་དང་བར་ཐག་སྤྱི་ལེ་12ཡོད་པའི་ཁ་རུབ་ཆུས་རུ་བཞི་ཤང་དར་རོག་གྲོང་ཚོ་དེ་རྒྱལ་ལམ་317འགྲམ་དུ་གནས་པ་དང་ས་མ་འབྲོག་ཡིན་ཞིང་། དེར་ཁྱོན་དུད་ཚང་72དང་མི་365ཡོད། 2006ལོར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་80ཙམ་བཏང་བ་དང་གྲོང་མིས་དངུལ་སྒོར་ཁྲི་40རང་གྲབས་བྱས་ཏེ་བྱེ་རྡོ་ར་བ་དང་རྡོ་གཤག་ར་བ་བཙུགས་ནས་གྲོང་མི་80ཙམ་གྱི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད། 2008ལོར་དར་རོག་གྲོང་ཚོས་སྐྱེལ་འདྲེན་རླངས་འཁོར་སྣ་ཚོགས་ཉོས་ནས་དར་རོག་གྲོང་ཚོའི་ཞིང་འབྲོག་མང་ཚོགས་ཀྱི་སྐྱེལ་འདྲེན་རུ་ཁག་བཙུགས་པ་རེད། 2009ལོར་དར་རོག་གྲོང་ཚོའི་ཞིང་འབྲོག་པའི་ཨར་ལས་རུ་ཁག་བཙུགས་པ་དང་2012ལོར་དར་རོག་གྲོང་ཚོས་མ་དངུལ་སྒོར་ཁྲི་25བཏང་ནས་རྩམ་འཐག་ཁང་བཙུགས། མིག་སྔར་གྲོང་ཚོ་དེར་མཉམ་སྡེབ་དཔལ་འབྱོར་དངོས་ཚན་བཞི་དང་གཏན་འཇགས་མ་དངུལ་སྒོར་ཁྲི་300ཙམ་ཡོད་ལ་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཡོང་འབབ་ཁེ་གཙང་སྒོར་ཁྲི་228.2བྱུང་ནས་མཉམ་སྡེབ་དང་གྲོང་མིའི་ཡོང་འབབ་འཕར་ཞིང་། འདི་ནི་གྲོང་མིས་རྡོ་གཤག་ར་བར་རྡོ་གཅལ་ཐོན་སྐྱེད་བྱེད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།