[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>དམངས་འཚོ།
  • ཡར་ཀླུང་ས་གཞི་ཆེ་མོར་དབུལ་སྐྱོར་གྱི་ལེའུ་གསར་བརྩམས།

    ​ —— ལྷོ་ཁ་ས་ཁུལ་གྱིས་དབུལ་སྐྱོར(ཞིང་ལས་གསར་སྤེལ)ལས་དོན་ལ་སྐུལ་མ་བཏང་བའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-16

    196296_yis_1438064718069.jpg

    འདི་ནི་སྣེ་གདོང་རྫོང་གི་མང་ཚོགས་དབུལ་པོའི་འཚོ་བའི་ཆུ་ཚད་ནུས་ལྡན་ངང་གོང་མཐོར་གཏོང་ཆེད། ལྷོ་ཁ་ས་ཁུལ་དབུལ་སྐྱོར་གཞུང་དོན་ཁང་གིས་རྫོང་དེའི་མང་ཚོགས་དབུལ་པོར་བསྐྲུན་པའི་བྱ་གསོ་ར་བ།

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྷོ་ས་ཁུལ་གྱིས་དབུལ་སྐྱོར་ཐད་ཁྱོན་མ་དངུལ་སྒོར་དུང་ཕྱུར་7.02གཏོང་རྒྱུའི་འཆར་གཞི་ཡོད་པ་དང་2014ལོའི་ལོ་མཇུག་བར་དབུལ་སྐྱོར་གསར་སྤེལ་ལ་མ་དངུལ་སྒོར་དུང་ཕྱུར་8.09དོན་འཁྱོལ་བྱས་པ་དེ་འཆར་གཞིའི་མ་དངུལ་115.2%ཟིན་པ་དང་རྣམ་གྲངས་དེ་རྫོང་12ཀྱི་ཤང་(གྲོང་རྡལ)82དང་གྲོང་ཚོ(གྲོང་མི)ཨུ་ཡོན་ལྷན་ཁང་525ལ་ཁྱབ་པ་དང་ཕན་འབྲས་ཐོབ་པའི་མང་ཚོགས་དུད་ཚང་ཁྲི་9ལྷག་ཙམ་དང་མི་གྲངས་ཁྲི་20ལྷག་ཙམ་ཟིན་ནས་མི་གྲངས་63745དབུལ་སྒྲོལ་བྱུང་ཡོད།

    རིན་མེད་རྩལ་ནུས་གསོ་སྦྱོང་བྱས་ཏེ་ལས་ཞུགས་ཀྱི་འཇོན་ཐང་ཆེ་རུ་བཏང་བ།

    ལས་ཞུགས་ནི་དམངས་འཚོའི་རྩ་བ་དང་རྩལ་ནུས་ནི་ལས་ཞུགས་ཀྱི་རྩ་བ་རེད།

    ངལ་རྩོལ་རྩལ་ནུས་མེད་པའམ་ཡང་ན་ངལ་རྩོལ་རྩལ་ནུས་ངེས་ཅན་ཞིག་ཡོད་ཀྱང་ལས་ཞུགས་ཐུབ་མེད་པའི་དབུལ་པོའི་མི་འབོར་ལ་དམིགས་ཏེ་ལྷོ་ཁ་ས་ཁུལ་དབུལ་སྐྱོར(ཞིང་ལས་གསར་སྤེལ)གཞུང་དོན་ཁང་གིས་རིན་མེད་རྩལ་ནུས་གསོ་སྦྱོང་བྱས་པ་བརྒྱུད་ལས་མི་སྤྱོད་པའི་ཁྲོམ་རའི་དགོས་མཁོ་ཁྲིད་སྟོན་དང་དབུལ་པོའི་ངལ་རྩོལ་རྩལ་ནུས་མཐོ་རུ་བཏང་སྟེ་ལས་ཞུགས་ལ་སྐུལ་མ་གཏོང་རྒྱུ་དམིགས་ཚད་དུ་བཟུང་ནས་ཁེ་ལས་ལ་བརྟེན་པ་དང་ཐོན་སྐྱེད་དང་ཟུང་འབྲེལ་བྱས་ཏེ་ཞིང་འབྲོག་པའི་ལས་ཞུགས་རྩལ་ནུས་མཐོ་རུ་དང་དུད་ཚང་དབུལ་པོའི་རང་འཕེལ་གྱི་ནུས་པ་ཆེ་རུ་བཏང་སྟེ་མི་འབོར་དབུལ་པོར་རྩལ་ནུས་ལྡན་པ་བྱས་ནས་ལས་ཞུགས་ཐུབ་པ་བྱེད་ཀྱི་ཡོད།

    ཟངས་རི་རྫོང་འབོད་ཐོས་ཤང་གཙང་ཁ་གྲོང་ཚོའི་གྲོང་མི་མིག་དམར་གྱིས“གསོ་སྦྱོང་འཛིན་གྲྭར་ཁ་ལོ་བའི་ལག་རྩལ་སྦྱངས་རྗེས་ད་ལྟ་གླ་པར་འགྲོ་བའི་ཟླ་རེའི་ཡོང་འབབ་དེ་སྔའི་ལྡབ་གཉིས་གསུམ་རེད། ད་ལྟའི་གླ་ཆ་དེ་ང་ཚོའི་ཁྱིམ་གྱི་གཏན་འཇགས་ཡོང་འབབ་ཏུ་གྱུར་བ་དང་ཁྱིམ་གྱི་འཚོ་བ་ཡང་ཇེ་ཡག་ཏུ་འགྲོ་གི་ཡོད”ཅེས་བཤད།

    མིག་སྔའི་བར་ལྷོ་ཁ་ས་ཁུལ་གྱིས་ཁྱིམ་ཚང་དབུལ་པོའི་དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་སོགས་ངལ་རྩོལ་ནུས་ཤུགས་གསར་པ་མི་ཐེངས་5310ལ་ལས་ཞུགས་གསོ་སྦྱོང་བྱས་པ་དང་འདེབས་འཛུགས་དང་གསོ་ཚགས་ཀྱི་སྔོན་ཐོན་ལག་རྩལ་དང་། མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ། ཁ་ལོ་བའི་ལག་རྩལ། འཕྲུལ་ཆས་ཉམས་བཟོ་བཅས་དང་དེ་བཞིན་ངལ་རྩོལ་ནུས་ཤུགས་གཞན་འགྱུར་གྱི་ལས་ཞུགས་གསོ་སྦྱོང་བཅས་གཙོ་གནད་དུ་བྱས་ནས་ཁྱིམ་ཚང་དབུལ་པོ་རེ་ནས་ཉུང་མཐར་ཡང་མི་གཅིག་གསོ་སྦྱོང་དང་ལག་རྩལ་སྣེ་གཅིག་ཤེས་ཐུབ་པ་བྱས་པས་ལས་ཞུགས་བརྟན་པོ་ཞིག་ཡོང་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་རེད།

    སྤྱི་ཕན་བྱ་གཞག་བསྒྲུབས་པས་བསམ་པའི་དཔལ་ཡོན་གྱི་ཆུ་ཚད་མཐོ་རུ་སོང་བ།

    མ་དངུལ་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་གནད་ལས་གྲྭར་སྐུལ་འདེད་ཤུགས་ཆེན་གཏོང་བ། གྲོང་མིའི་དངོས་པོའི་དཔལ་ཡོན་གྱི་སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱེད་པ་དང་ཕྱོགས་མཚུངས་ལྷོ་ཁ་ས་ཁུལ་དབུལ་སྐྱོར་གཞུང་དོན་ཁང་གིས་དྲོ་སྐྱིད་སྦྱིན་པ་དང་ས་གནས་དེ་གའི་སྤྱི་ཕན་བྱ་གཞག་ལ་རོགས་སྐྱོར་བྱེད་པའི་བྱེད་སྒོ་ཧུར་ཐག་སྤེལ་བ་དང་གྲོང་མིའི་བསམ་པ་དང་རིག་གནས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་སྟེ་གྲོང་ཚོ་བཀོད་གཙང་དང་ཡུལ་སྲོལ་བཟང་བའི་འཕེལ་རྒྱས་འཁོར་ཡུག་ཅིག་ཧུར་ཐག་གཏོད་ཡོད་པ་རེད།

    མིག་སྔའི་བར། ལྷོ་ཁ་ས་ཁུལ་གྱིས་དབུལ་སྐྱོར་ཚོད་ལྟའི་རྣམ་གྲངས་དང་རོགས་རེས་ཚོད་ལྟའི་གྲོང་ཚོ་བརྒྱད་ལག་ལེན་བསྟར་ནས་མ་དངུལ་སྒོར་ཁྲི་560བཏང་བ་དང་། ཤང་(གྲོང་རྡལ)གཅིག(མཚོ་སྣ་རྫོང་ཆུ་དྲོ་མོ་ཤང)ཡུག་འབྲེལ་གསར་སྤེལ་ལ་སྒོར་ཁྲི་700བཏང་བ། རྫོང་གཅིག(ལྷུན་རྩེ་རྫོང)ཚན་རྩལ་དབུལ་སྐྱོར་བྱས་ནས་མ་དངུལ་སྒོར་ཁྲི་300བཏང་བ་བཅས་རེད། ལྷོ་ཁ་ས་ཁུལ་དབུལ་སྐྱོར་གཞུང་དོན་ཁང་གིས་ས་ཁུལ་དེ་ཡོངས་ཀྱི་དབུལ་པོ་ཁྲི་10.11ལ་དམིགས་ཏེ་སྒོ་ཀུན་ནས་རོགས་སྐྱོར་བྱས་ནས་ཤང་28ཀྱི་དབུལ་སྐྱོར་དང་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱས་ཏེ་དུད་ཚང་ཁྲི་2.5ལ་རོགས་སྐྱོར་དང་དུད་ཚང་རེར་ཆ་སྙོམས་མ་དངུལ་སྒོར་ཁྲི་1དང་ཁྱོན་བསྡོམས་སྒོར་དུང་ཕྱུར་2.5054རོགས་སྐྱོར་བྱས་པ་དེ་སྤྱིའི་མ་དངུལ་གྱི་35.7%ཟིན་གྱི་ཡོད།

    ཐབས་ལམ་རྒྱ་ཆེར་གཏོང་བ་དང་རྣམ་གྲངས་ནང་འདྲེན་བྱས་ཏེ་ཕྱུག་འགྱུར་ལམ་བུ་འགན་ལེན་བྱས་པ།

    ལས་ཞུགས་དབུལ་སྐྱོར་གྱི་ལས་དོན་ནང་ལྷོ་ཁ་ས་ཁུལ་དབུལ་སྐྱོར(ཞིང་ལས་གསར་སྤེལ)གཞུང་དོན་ཁང་གིས་དབུལ་པོར་ལས་ཞུགས་ཁྲིད་སྟོན་བྱས་པ་མ་ཟད། དབུལ་པོས་ལས་གཏོད་བྱ་རྒྱུར་སྐུལ་མ་ཡང་བཏང་བ་དང་ཕ་ཡུལ་དུ་ལོག་པའི་ཞིང་པ་ལས་མི་ལས་གཏོད་གླིང་དུ་ལས་ཀ་བྱ་རྒྱུར་ཁྲིད་སྟོན་བྱས་པས་ཕ་ཡུལ་དུ་ལོག་པའི་ཞིང་པ་ལས་མི་མང་པོ་ཞིག་སྒོ་འགྲམ་དུ་ལས་ཞུགས་ལས་གཏོད་ཐུབ་ཡོད།

    ས་ཁུལ་ཞིང་ལས་གསར་སྤེལ་གཞུང་དོན་ཁང་གིས“ས་ཁོངས་བསྡུ་སྒྲིལ་དང་། ཐབས་ལམ་ཟང་ཟིང་མེད་པ། སྤྱོད་སྒོ་མི་འགྱུར་བ། རང་འགན་གཙང་སྒྲུབ། རང་འགན་རང་འཁུར”བཅས་ཀྱི་རྩ་དོན་ལྟར་མ་དངུལ་ཁག་བསྡུ་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ས་ཁུལ་ནོར་སྲིད་ཀྱིས་ལོ་ལྟར་ནོར་སྲིད་ཡོང་འབབ་2.5%བཀོད་སྒྲིག་བྱེད་པ་དང་ཐོན་ཁུངས་ཀྱི་གཞི་རྒྱུ་དེ་ས་ཁུལ་དེ་ཡོངས་ཀྱི་གཏན་འཁེལ་བྱས་པའི་སྣ་དཀར་རྩེ་རྫོང་སོགས་གཙོ་གནད་རྫོང་བཞི་དང་། ཁུར་ཆུ་ཤང་སོགས་གཙོ་གནད་ཤང་དང་གྲོང་རྡལ8ཆུ་སྣ་གྲོང་ཚོ་སོགས་གཙོ་གནད་གྲོང་ཚོ་20བཅས་ལ་གཟིགས་སྐྱོང་བྱས་ནས་ལེགས་ལྡན་དང་ཁྱད་ལྡན་ཐོན་ལས་སྔར་བས་འཚོལ་ཞིབ་བྱེད་པ་དང་སྣེ་གདོང་གི་སྣམ་བུ། ལྷོ་བྲག་གི་ཕིང་། མཚོ་སྣའི་ཇ། ལྷུན་རྩེའི་ནས་ནག་རྩམ་པ་སོགས་ལ་གཙོ་གནད་དུ་རོགས་སྐྱོར་ཤུགས་ཆེན་བྱས་ཏེ་དབུལ་སྐྱོར་རྣམ་གྲངས་ཆུང་བ་དང་ཁྱབ་ཚུལ་ཁ་ཐོར་ཡིན་པ། “ལོ་ལྟར་དབུལ་སྐྱོར་བྱས་ཀྱང་དབུལ་པོ་ཡིན་པ”བཅས་ཀྱི་སྣང་ཚུལ་ལ་རིམ་བཞིན་འགྱུར་ལྡོག་གཏོང་གི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།