[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>ཡུལ་སྐོར།
  • བོད་ལྗོངས་ཀྱི་མཛེས་ལྗོངས་ཁུལ་24“ཡིད་རྟོན་རུང་བའི་མཛེས་ལྗོངས་ཁུལ”དུ་བདམས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-23

     ཉིན་ཤས་གོང་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་སྤྱི་ཚོགས་ལ“རྒྱལ་ཡོངས་ཡུལ་སྐོར་རིན་གོང་ཡིད་རྟོན་རུང་བའི་མཛེས་ལྗོངས་ཁུལ”ཁག་དང་པོའི་ནང་ཚུད་པའི་མཛེས་ལྗོངས་ཁུལ་དངོས་སུ་ཁྱབ་བསྒྲགས་བྱས་པའི་ནང་རང་ལྗོངས་ཀྱི་ཡར་ཀླུང་གཙང་པོའི་རོང་ཆེན་དང་། བྲག་གསུམ་མཚོ། ལེགས་པོ་ལུང་ཤུར། མཚོ་མོ་ངང་ལག་སོགས་མཛེས་ལྗོངས་ཁུལ་དེའི་ནང་ཚུད་ཡོད་པ་རེད། 

    ངོ་སྤྲོད་བྱས་པར་གཞིགས་ན། མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་རིན་གོང་དོ་དམ་སྒྱུར་བཅོས་སྔར་བས་གཏིང་ཟབ་བྱ་ཆེད་འདི་ལོའི་ཟླ་གསུམ་པར་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་རྒྱལ་ཡོངས་མཛེས་ལྗོངས་ཁུལ་གྱི་ལས་རིགས་ལ་དུས་ཡུན་ལོ་3གྱི“རྒྱལ་ཡོངས་ཡུལ་སྐོར་རིན་གོང་ཡིད་རྟོན་རུང་བའི་མཛེས་ལྗོངས་ཁུལ”ཞེས་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད། ཉིན་ཤས་གོང་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་མཉམ་དུ་སྤྱི་ཚོགས་ལ“རྒྱལ་ཡོངས་ཡུལ་སྐོར་རིན་གོང་ཡིད་རྟོན་རུང་བའི་མཛེས་ལྗོངས་ཁུལ”ཁག་དང་པོ་དངོས་སུ་ཁྱབ་བསྒྲགས་བྱས་པའི་ནང་ཡུལ་སྐོར་མཛེས་ལྗོངས་ཁུལ་1801ཁག་དང་པོའི“ཡིད་རྟོན་རུང་བའི་མཛེས་ལྗོངས་ཁུལ”དུ་གྱུར་ཡོད་ཅིང་། ཁྱབ་བསྒྲགས་བྱས་པའི“རྒྱལ་ཡོངས་ཡུལ་སྐོར་རིན་གོང་ཡིད་རྟོན་རུང་བའི་མཛེས་ལྗོངས་ཁུལ”ནང་རང་ལྗོངས་ཀྱི་མཛེས་ལྗོངས་ཁུལ་24ལ་Aརིམ་པའི་མཛེས་ལྗོངས་ཁུལ་གྱི་མིང་ཐོབ་པའི་ནང་A4རིམ་པའི་མཛེས་ཁུལ་4དང་། A3རིམ་པའི་མཛེས་ལྗོངས་ཁུལ་13 A2རིམ་པའི་མཛེས་ལྗོངས་ཁུལ་3 Aརིམ་པའི་མཛེས་ལྗོངས་ཁུལ་4བཅས་ཡོད་པ་རེད།

    ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད་རང་ལྗོངས་ཀྱི“རྒྱལ་ཡོངས་ཡུལ་སྐོར་རིན་གོང་ཡིད་རྟོན་རུང་བའི་མཛེས་ལྗོངས་ཁུལ”24ཡིས་དོན་ཚན་དྲུག་ཁས་ལེན་བྱས་པ་དང་འབྲེལ་ཁས་ལེན་ཡི་གེར་མིང་རྟགས་ཀྱང་བཀོད་པ་རེད། སྒོ་འཛིན་གཅིག་གི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་དང་། བགྲེས་སོང་དང་། གཞོན་ནུ་ལོ་ཆུང་། སློབ་མ། དམག་མི། དབང་པོ་སྐྱོན་ཅན་བཅས་ཀྱི་སྒོ་འཛིན་ལ་གཟིགས་སྐྱོང་བྱ་རྒྱུ། སྒོ་འཛིན་སྔོན་མངགས་བྱེད་མཁན་ལ་རིན་གོང་གཟིགས་སྐྱོང་བྱ་རྒྱུ། ལོ་3ནང་རང་མོས་ཀྱིས་སྒོ་འཛིན་རིན་གོང་མི་སྤོར་རྒྱུ་སོགས་ཁས་ལེན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།