[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>ཡུལ་སྐོར།
  • བྱང་ཐང་གི་འཆར་ཅན་གེ་སར་རྟ་རྒྱུག་རིག་གནས་ཚོང་དོན་ཡུལ་སྐོར་དུས་ཆེན་འགོ་ཚུགས་པ།

    རག་སྡིས་ཀྱིས་གསུང་བཤད་གལ་ཆེན་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-14

    བྱང་ཐང་གི་འཆར་ཅན་གེ་སར་རྟ་རྒྱུག་རིག་གནས་ཚོང་དོན་ཡུལ་སྐོར་དུས་ཆེན་ནི་བོད་བྱང་ཐང་ནག་ཆུའི་ལོ་གཅིག་ནང་གི་ཆེས་གཟབ་རྒྱས་ཀྱི་དུས་ཆེན་འཁྲུག་ཤོས་ཤིག་རེད། ནག་ཆུའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་གཟབ་མཆོར་ལེགས་པར་སྤྲས་ཏེ་རྟ་རྒྱུག་ར་བར་བསྐྱོད་ནས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ལོ་གཅིག་དུས་གཅིག་གི་དམངས་ཡོངས་ཀྱི་དུས་ཆེན་གཟབ་རྒྱས་དེར་བསུ་བ་ཞུས་པ་རེད།

    2015ལོའི་བྱང་ཐང་གི་འཆར་ཅན་གེ་སར་རྟ་རྒྱུག་རིག་གནས་ཚོང་དོན་ཡུལ་སྐོར་དུས་ཆེན་དེ་ཟླ་8ཚེས་10ཉིན་ནག་ཆུ་ས་ཁུལ་གྱི་རྟ་རྒྱུག་ར་བར་གཟབ་རྒྱས་ངང་འགོ་ཚུགས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་གྱིས་2015ལོའི་བྱང་ཐང་གི་འཆར་ཅན་གེ་སར་རྟ་རྒྱུག་རིག་གནས་ཚོང་དོན་ཡུལ་སྐོར་དུས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།

    པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་དེ་བཞིན་རང་ལྗོངས་ཀྱི་ས་གནས་ཁག་དང་གྲོང་ཁྱེར་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ནས་རྟ་རྒྱུག་དུས་ཆེན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུས་པ་རེད།

    ཚོགས་ཞུགས་མཛད་སྒོར་གཟིགས་རྗེས་རག་སྡིས་ཀྱིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་བྱང་ཐང་གི་འཆར་ཅན་གེ་སར་རྟ་རྒྱུག་རིག་གནས་ཚོང་དོན་ཡུལ་སྐོར་དུས་ཆེན་དེ་བོད་བྱང་ཐང་གི་ཆེས་གཟབ་རྒྱས་ཀྱི་དུས་ཆེན་ཞིག་ཡིན་ལ་བོད་བྱང་ཐང་མི་དམངས་ཚོས་རེ་སྒུག་བྱེད་པའི་བཀྲ་ཤིས་པའི་ཉིན་མོ་ཞིག་ཀྱང་རེད། ཕ་ཡུལ་གྱི་མི་དམངས་རྣམས་དང་མཉམ་དུ་དུས་ཆེན་གཏོང་ཐུབ་པར་དགའ་སྤྲོ་ཚད་མེད་བྱུང་། ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་ལོ་ཞིག་ཡིན་ཞིང་། དེའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དོན་ཆེན་ཞིག་རེད། ལོ་50ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་བྱ་གཞག་ཁག་ལ་རླབས་ཆེན་གྱི་ལོ་རྒྱུས་གྲུབ་འབྲས་ཐོབ་པ་དང་། མི་རིགས་ཁག་གི་མི་དམངས་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རང་ཁྱིམ་རང་བདག་གིས་སྤྲོ་ཉམས་རྒྱས་པའི་ངང་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད་ཅེས་གསུངས་པ་རེད།

    རག་སྡིས་ཀྱིས་ནག་ཆུ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མུ་མཐུད་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པ་མཐའ་འཁྱོངས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་ནག་ཆུའི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ལས་འགན་གལ་ཆེན་ཨང་དང་པོར་བརྩིས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཁྱད་ལྡན་དང་ལེགས་ལྡན་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ། སྣོད་བཅུད་ཁོར་ཡུག་ཏན་ཏིག་ངང་སྲུང་སྐྱོང་ཡག་པོ་བཅས་བྱེད་པ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་སློབ་གསོ་དང་འཕྲོད་བསྟེན་བྱ་གཞག་མུ་མཐུད་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། མང་ཚོགས་ལ་དངོས་ཕན་ཐོབ་པ་བཅས་ཀྱི་དོན་དངོས་དང་དོན་བཟང་མང་པོ་སྒྲུབ་པ། མང་ཚོགས་ལ་མུ་མཐུད་འབྲེལ་བ་གཏིང་ཟབ་བྱས་ནས་གཞི་རིམ་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང“ཁ་འབྲལ་ཐབས་མེད་པ་གསུམ”མུ་མཐུད་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏིང་ཟབ་བརྒྱབ་ནས་མི་རིགས་ཁག་གི་སྤེལ་རེས་དང་། འགྲོ་འོང་། མཉམ་བསྲེས་བཅས་ལ་སྐུལ་མ་གཏོང་བ། ཏང་གི་ཆོས་དད་རང་མོས་སྲིད་ཇུས་མུ་མཐུད་ཕྱོགས་ཡོངས་དང་ཡང་དག་པའི་ངང་ལག་བསྟར་དོན་འཁྱོལ་བྱས་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པ་བྱེད་པར་སྣེ་ཁྲིད་ཧུར་ཐག་བྱེད་པ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50རིང་གི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕེལ་རྒྱས་དང་འགྱུར་ལྡོག་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ་དང་། བོད་གསར་རྙིང་བསྡུར་བའི་སློབ་གསོ་གཏིང་ཟབ་བརྒྱབ་ནས་དེང་དུས་ཀྱི་ལས་སླ་པོར་ཐོབ་པ་ཞིག་མིན་པའི་འབྱོར་ཕྱུག་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་ལྡབ་འགྱུར་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་དྲིན་རྟོགས་པ་དང་། ཏང་གི་དྲིན་ཚོར་བ། ཏང་གི་བཀའ་ལ་ཉན་པ་བཅས་བྱ་རྒྱུའི་སློབ་གསོ་རྒྱག་པ་དང་སྣེ་ཁྲིད་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱས་ཏེ་གུང་ཁྲན་ཏང་ཡག་དང་། སྤྱི་ཚོགས་རིང་ལུགས་ཡག མི་རིགས་ས་ཁོངས་རང་སྐྱོང་ཡག སྒྱུར་བཅོས་སྒོ་དབྱེ་ཡག རླབས་ཆེན་མེས་རྒྱལ་ཡག་བཅས་ཀྱི་རྟ་དབྱངས་གཙོ་བོ་མཆོག་ཏུ་འཛིན་པ་བཅས་བྱས་ཏེ་གོ་སྐབས་དམ་འཛིན་དང་། བབ་བསྟུན་འཕྲལ་སྒྲུབ། དུས་བསྟུན་མདུན་སྐྱོད། བློ་ཁོག་ཆེན་པོས་ཡར་བརྩོན་བཅས་བྱས་ཏེ་ནག་ཆུའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་པ་དང་། ལེ་དབར་ཁྲི་ཡི་བྱང་ཐང་དེ་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ནག་ཆུ་ས་ཨུད་ཀྱི་འགོ་ཁྲིད་ཀྱིས་བྱང་ཐང་གི་འཆར་ཅན་གེ་སར་རྟ་རྒྱུག་རིག་གནས་ཚོང་དོན་ཡུལ་སྐོར་དུས་ཆེན་དེ་ནག་ཆུ་ས་ཁུལ་གྱིས་ལྗོངས་ཕྱི་ནང་དང་སྤེལ་རེས་མཉམ་ལས་དང་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱེད་པའི་སྟེགས་བུ་ཞིག་རེད། དེང་སྐབས་ནག་ཆུ་ནི་གསར་སྤེལ་ཆེན་པོ་དང་། འཛུགས་སྐྲུན་ཆེན་པོ། འཕེལ་རྒྱས་ཆེན་པོ་བཅས་ཀྱི་དུས་ཡག་ཤོས་སུ་སླེབས་པས་ནག་ཆུས་གཉིས་ཁེ་གཉིས་ཕན་དང་མཉམ་ལས་གཉིས་ཐོབ་ཀྱི་འཕེལ་རྒྱས་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་དྲང་གཞག་ཡིན་ལ་གོ་རིམ་ཡང་ལྡན་པ་དང་སྤུས་ཀ་ལེགས་ལ་ལས་ཕྱོད་ཆེ་བའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཅིག་ཧུར་ཐག་གཏོད་ནས་རྒྱ་ཆེའི་ཚོང་དུད་རྣམས་ནག་ཆུར་བློ་བདེ་པོའི་ངང་མ་འཇོག་དང་བློ་ཁོག་ཆེན་པོས་ལས་གཏོད་བྱེད་པ་དང་འཕེལ་རྒྱས་གཏོང་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་མ་ཟད། ནག་ཆུར་ཁྱད་ལྡན་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་། གསར་སྤེལ་གྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ། འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ཡོད་པ་བཅས་ཡིན་པས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་ཚོ་ནག་ཆུར་ཡུལ་སྐོར་ལྟ་སྐོར་དང་མ་འཇོག་ལས་གཏོད་བྱེད་པར་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།