[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>སློབ་སྦྱོང་དང་ལག་བསྟར།
  • འདམ་གཞུང་རྫོང་མཆོད་རྟེན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-12-09

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་ཆེད་ཉེ་དུས་འདམ་གཞུང་རྫོང་མཆོད་རྟེན་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ལས་དོན་རུ་ཁག(ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ཀྱིས་མངགས་གཏོང་བྱས)གིས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་དང་གཤམ་གཏོང་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་མཉམ་དུ་སློབ་སྦྱོང་བྱས་པ་རེད།

    ཚོགས་ཞུགས་མི་སྣས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ་དེ་ཐོག་ནས་ཏང་ཀྲུང་དབྱང་གིས་བོད་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ལུགས་གང་ལེགས་མཚོན་ཞིང་། ད་ཆའི་བོད་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་གཅེས་སྤྲས་ཡག་པོ་བྱེད་སྲིད་པ་དང་། སླད་ཕྱིན་གྱི་ལས་ཀ་དང་འཚོ་བའི་ནང་ཏང་ཀྲུང་དབྱང་གི་འབོད་སྐུལ་བརྡ་ལན་ཞུ་བ། རང་འཁྲིའི་ལས་འགན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་སྤྱི་ཚོགས་བདེ་འཇགས་དང་སྤྱི་ཡོངས་བརྟན་ལྷིང་འཆམ་མཐུན་ཡོང་ཆེད་རང་ཉིད་ཀྱི་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    ཚོགས་འདུའི་ཐོག་མཆོད་རྟེན་གྲོང་ཚོའི་ཏང་ཡོན་ལས་བྱེད་པ་ཚང་མར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ལ་བརྩི་བ་དང་། བསམ་བློ་སྔར་བས་གཅིག་གྱུར་བཟོ་བ། ངོས་འཛིན་ཟབ་ཏུ་གཏོང་བ། ཚོགས་འདུའི་དགོངས་དོན་ལ་བརྟེན་ནས་གྲོང་ཚོ་ཨུ་ལྷན་གྱི་ལས་དོན་ཁག་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས། གྲོང་ཚོར་བཅའ་སྡོད་ཀྱི་ལས་འགན“ཁག་ལྔ”དང་ཟུང་འབྲེལ་ཏན་ཏིག་བཅས་བྱས་ཏེ་མཆོད་རྟེན་གྲོང་ཚོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་རྒྱུན་ཆད་མེད་པར་འབད་བརྩོན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།