[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>སློབ་སྦྱོང་དང་ལག་བསྟར།
  • ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་སྐྱོད་པའི་བོད་ཀྱི“བྱ་སྤྱོད་ཀྱི་ཕྱོགས་སྟོན”

    བོད་ལྗོངས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུའི་ཟུར་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-12-09

    ཟླ་བ་གསུམ་ཙམ་རིང་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་བྱས་པ་བརྒྱུད། ཉེ་ཆར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཏང་གི་སློབ་གྲྭ་དང་། ལྗོངས་རིག་གནས་ཐིང་། བོད་ལྗོངས་སློབ་ཆེན་སོགས་ཚན་པའི་རིགས་གཅིག་མཁས་པས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་བྱས་པའི་གྲུབ་འབྲས་ལ་སྔར་བས་ཕྱོགས་སྡོམ་དང་འབྲེལ། ཚོགས་འདུའི་ཐོག་བཏོན་པའི་བསམ་ཕྱོགས་དང་། ལྟ་བ། བླང་བྱ། བཀོད་སྒྲིག་བཅས་གསར་པར་གསེད་བཀྲོལ་ཡང་བྱས་པ་རེད།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པས་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཧྲིལ་པོར་དམིགས་ནས། མེས་རྒྱལ་གོང་བུ་གཅིག་གྱུར་དང་རྒྱལ་ཁབ་བདེ་འཇགས་ཡོང་བ་དང་། མཐའ་མཚམས་མི་རིགས་ས་ཁུལ་བརྟན་ལྷིང་མཐུན་སྒྲིལ་དང་ཞི་མཐུན་ལྷིང་འཇགས་ཡོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་གཅིག་འདོམས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པའི་མཐོ་ཚད་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་མ་གཏོང་རྒྱུར་ཆེད་དམིགས་ཞིབ་འཇུག་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་སློབ་དཔྱོད་པུའི་དགེ་རྒན་ཆེ་མོ་བ་གཞོན་པ་དབན་ཅིན་ཕུང་གིས། མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་གཏན་ཚིགས་ལ་གཞིགས་ཚེ། བོད་ཀྱི“དེང་རབས་བཅོས་སྐྱོང”ནི་ཏང་གིས་བོད་ལ་ལོ་དྲུག་ཅུའི་རིང་འཚོལ་ཞིབ་དང་བསགས་པའི་ཉམས་མྱོང་རྨང་གཞིར་འཛིན་པའི“གཅུས་སྒྲིམ”ལྟ་བུའི་རིམ་སྤོར་ཞིག་ཡིན་ལ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་། ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་གལ་ཆེན་དང་ངེས་པར་དུ་དྲུག་གི་བོད་སྐྱོང་ཐབས་ཇུས་ནི་ ཏང་གིས་བོད་སྐྱོང་ལོ་དྲུག་ཅུ་བྱས་པའི་ཕྱོགས་སྡོམ་དང་སྙིང་པོ་ལེན་པ་ཞིག་དང་རྒྱལ་ཁབ་སྐྱོང་བའི་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་འདུ་ཤེས་འོག་གི་ཕྱོགས་ཀུན་ཁྱབ་བྱེད་དང་རྒྱུན་སྲིང་པ་ཞིག་ཀྱང་ཡིན་པ་དེ་ལས། ལོ་རྒྱུས་དང་ད་ཆ། རིགས་པའི་གཞུང་ལུགས་དང་ལག་ལེན་ཕན་ཚུན་གཅིག་ལ་གཅིག་རྟེན་ཡིན་པ་མཚོན་པས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་མ་གཏོང་བར་སྒུལ་ཤུགས་སྟོབས་ཆེན་ཞིག་སྦྱིན་ཐུབ་ཅེས་བཤད།

    བོད་ལྗོངས་སློབ་ཆེན་གྱི་བསམ་བློ་ཆབ་སྲིད་པུའི་ཧྲུའུ་ཅི། དགེ་རྒན་ཆེ་མོ་བ་བཀྲ་ཤིས་ཀྱིས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས། ཕྱོགས་བསྡུས་ཀྱི་བྱ་ཐབས་སྤྱད་དེ་མཚོ་བོད་ས་མཐོའི་མཁའ་རླུང་སྦགས་བཙོག་ཡོང་གཞི་དང་ས་ཞིང་བྱེ་འགྱུར་ལ་ཚོད་འཛིན་དང་བཅོས་སྒྲིག་བྱེད་ཤུགས་དང་རྩྭ་ར་དང་། འདམ་ར། རང་བྱུང་ནགས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད་པ་མ་ཟད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་འཇོག་དགོས་པའི་བླང་བྱ་བཏོན་པ་དེ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“ཁོར་ཡུག་ནི་དམངས་འཚོ་དང་། ནགས་རི་ནི་མཛེས་སྡུག གནམ་སྔོན་པོ་ཡང་བདེ་སྐྱིད་ཡིན་པས་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དང་། ཚེ་སྲོག་རྩ་ཆེར་བརྩི་བ་བཞིན་སྣོད་བཅུད་ཁོར་ཡུག་ལའང་དེ་ལྟར་བརྩི་དགོས”ཞེས་པའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་བསམ་ཕྱོགས་དང་ལངས་ཕྱོགས་གསལ་སྟོན་གནང་བ་མཚོན་ལ། ཚོགས་འདུའི་ཐོག་ཙུང་ལི་ལི་ཁེ་ཆང་གིས“སྣོད་བཅུད་བདེ་འཇགས་ཀྱི་མཐའ་ཐིག་དང་། དམར་ཐིག མཐོ་གནོན་གློག་སྐུད་ནན་པོ་སྲུང་བ་དང་སྣོད་བཅུད་ཀྱི་ཕྱོགས་བསྡུས་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གངས་ལྗོངས་ས་མཐོ་སྲུང་སྐྱོང་ཡག་པོ་བགྱིས་ཏེ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས”ཞེས་གསུངས་ཡོད། བསམ་ཕྱོགས་གལ་ཆེན་འདི་དག་གིས་འབྱོར་འབྲིང་བོད་ལྗོངས་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས། ཞི་མཐུན་བོད་ལྗོངས་བསྐྲུན་རྒྱུར་ཁ་ཕྱོགས་བསྟན་ཡོད།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ་དེས་བོད་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་མ་ཐེབས་རྒྱུ་དང་། བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པའི་དམིགས་ཚད་འགྲུབ་ཐུབ་རྒྱུར་དོན་དངོས་དང་ཡུན་རིང་གཏིང་ཟབ་ཀྱི་ལོ་རྒྱུས་དོན་སྙིང་གལ་ཆེན་ལྡན་ཡོད། ལྗོངས་རིག་གནས་ཐིང་སྤྱི་པའི་རིག་གནས་ཁྲུའི་ཁྲུའུ་ཀྲང་ཉི་མས་ཚོགས་འདུའི་ཐོག སྔར་བས་མཐོ་བའི་འགོ་འཛུགས་ས་དང་གདིང་རྩའི་ཐོག་ལངས་ནས་རིག་གནས་བྱ་གཞག་འཕེལ་རྒྱས་ཧུར་ཐག་ཡོང་བར་འཐབ་ཇུས་བཀོད་སྒྲིག་བྱས་པ་དེས་དུས་སྐབས་གསར་པ་དང་དུས་བབ་གསར་པའི་འོག རང་ལྗོངས་ཀྱི་རིག་གནས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་མ་གཏོང་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་ལ། སྒུལ་ཤུགས་ཆེན་པོ་སྦྱིན་པ་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།