[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>སློབ་གསོ།
  • བོད་ལྗོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུ་ལས་དོན་བདེ་བླག་ངང་མཇུག་འགྲིལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-18

    ཟླ་8ཚེས་16ཉིན་གྱི་ཕྱི་དྲོ་གསར་འགོད་པར་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་ནས་ཤེས་རྟོགས་བྱུང་གསལ། ཟླ་7ཚེས་1ཉིན་དངོས་སུ་འགོ་བརྩམས་པའི་2015ལོའི་རང་ལྗོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལས་དོན་དེ་ཚེས་16ཉིན་གྱི་ཕྱི་དྲོར་བདེ་བླག་ངང་མཇུག་འགྲིལ་བ་རེད། 

    འདི་ལོ་རང་ལྗོངས་ཀྱི་མཐོ་སློབ་དཀྱུས་མར་ཐོ་འགོད་བྱེད་མཁན་སློབ་མ་21161ཡོད་པ་ལས་ཁྱོན་སློབ་མ་གསར་པ་14884(རིག་གནས་ལོ་རྒྱུས་ཆེད་ལས་ལ་མི་6383དང་རང་བྱུང་བཟོ་སྐྲུན་རིག་པའི་ཆེད་ལས་ལ་མི་8501)བསྡུས་ཤིང་བསྡུ་ལེན་བྱེད་ཚད་70.3%ཟིན་ཡོད། དངོས་གཞིའི་ཚན་ཁག་ལ་སློབ་མ་གསར་པ་ཁྱོན་9291(རིག་གནས་ལོ་རྒྱུས་ཆེད་ལས་ལ་མི་3737དང་རང་བྱུང་བཟོ་སྐྲུན་རིག་པའི་ཆེད་ལས་ལ་མི་5554)དང་། ཆེད་སྦྱོང་ཚན་ཁག་ལ་སློབ་མ་གསར་པ་ཁྱོན་5593(རིག་གནས་ལོ་རྒྱུས་ཆེད་ལས་ལ་མི་2646དང་རང་བྱུང་བཟོ་སྐྲུན་རིག་པའི་ཆེད་ལས་ལ་མི་2947)བསྡུས་ཡོད། གྲངས་ཉུང་མི་རིགས་ཀྱི་སློབ་མ་གསར་པ་13041བསྡུས་པའི་ནང་ཞིང་འབྲོག་པའི་སློབ་མ་གསར་པ་10608ཡོད་ཅིང་། ཞིང་འབྲོག་པའི་རྒྱུགས་ཞུགས་སློབ་མ་བསྡུ་ལེན་བྱེད་ཚད་62.6%ཟིན་ཡོད་པ་རེད།

    བསྡུ་ལེན་བྱེད་པའི་ཁྲོད་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་གིས་ཁག་སོ་སོའི་ལེགས་སྒྲུབ་མ་བྱུང་བའི་སློབ་བསྡུ་འཆར་གཞི་ཚང་མ་དྲ་ཐོག་ནས་སྤྱི་བསྒྲགས་བྱས་པ་དང་། བོད་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་གི་དྲ་ཚིགས་བརྒྱུད་རྒྱུགས་ཞུགས་སློབ་མའི་རེ་འདུན་ཡོངས་བསྒྲགས་ངང་འཚོལ་བསྡུ་ཐེངས་28བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།