[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>སློབ་གསོ།
  • ལྷ་ས་སློབ་འབྲིང་དུ་ས་ཡོམ་དང་། མེ་སྐྱོན། འབར་གས་བཅས་སྔོན་འགོག་གི་ནང་སྦྱོང་ཐེངས་གཅིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-18

    སློབ་གྲྭའི་ས་ཡོམ་སྔོན་འགོག་དང་། མེ་སྐྱོན་སྔོན་འགོག འབར་གས་སྔོན་འགོག་བཅས་ཀྱི་ལས་དོན་སྔར་བས་དོན་འཁྱོལ་ཡག་པོ་བྱས་ཏེ་སློབ་མའི་རང་ཟོན་འདུ་ཤེས་དང་། ཐོལ་བྱུང་དོན་རྐྱེན་ཐོན་སྐབས་སློབ་མའི་བབ་བསྟུན་ཐག་གཅོད་ནུས་པ། རང་ཉིད་ཀྱི་བདེ་འཇགས་སྲུང་སྐྱོང་ནུས་པ་བཅས་ཆེ་རུ་གཏོང་ཆེད། ཉེ་དུས་ལྷ་ས་སློབ་འབྲིང་དུ་ས་ཡོམ་དང་། མེ་སྐྱོན། འབར་གས་བཅས་སྔོན་འགོག་གི་ནང་སྦྱོང་ཐེངས་གཅིག་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ནང་སྦྱོང་ནང་དོན་གྲས་སུ་བབ་བསྟུན་ཡོམ་འགོག་མེ་འགོག་དང་། ཛ་དྲག་ཁ་འགྲེམ། འབར་གས་སྔོན་འགོག་བཅས་ནང་དོན་གསུམ་ཚུད་ཡོད་པ་རེད། བྱེད་སྒོ་སྤེལ་བའི་ཉིན་དེའི་སྔ་དྲོའི་ཆུ་ཚོད་བཅུ་པ་ཡོལ་ཙམ་ལ་ནང་སྦྱོང་དངོས་སུ་འགོ་ཚུགས་ཤིང་། རྒྱང་བསྒྲགས་ནས་ས་ཡོམ་བརྒྱབ་པ་དང་མེ་སྐྱོན་བྱུང་བའི་བརྡ་རྟགས་བཏང་རྗེས། འཛིན་གྲྭ་ཁག་གི་འཛིན་གྲྭའི་ཀྲུའུ་རེན་གྱིས་སློབ་མ་སྒྲིག་འཛུགས་བྱས་ནས་ཁང་པའི་ནང་དུ་ཉེན་གཡོལ་བྱས་པ་དང་འབྲེལ། ཨ་ཅོར་རློན་པའམ་ཡང་ན། གྱོན་ཆས་ཀྱིས་ཁ་དང་སྣ་ཁུང་བཀབ་པ་དང་སྟོད་སྒུར་སྒུར་བྱས། རྒྱང་བསྒྲགས་ནས་ཕྱིར་འཐེན་བྱ་རྒྱུའི་བརྡ་རྟགས་བཏང་རྗེས། འཛིན་གྲྭའི་ཀྲུའུ་རེན་ཚོས་དེ་མ་ཉིད་དུ་སློབ་མ་སྒྲིག་འཛུགས་བྱས་ནས་ཁ་འགྲེམ་འགོ་བཙུགས་ཤིང་། སློབ་གྲོགས་ཚོས་སྟར་པ་གཉིས་བསྒྲིགས་ནས་བར་ཁྱམས་ཀྱི་ལག་འཇུ་དང་གྱང་ལ་འཁྱུད་དེ་འགན་འཁུར་བའི་བཀོད་འདོམས་འོག་གོ་རིམ་ལྡན་པའི་ངང་དེ་མུར་ལུས་རྩལ་ཐང་གི་ཕྱོགས་སུ་བསྐྱོད་པ་དང་། འབྲེལ་ཡོད་མི་སྣ་ཁག་གིས་ལས་བགོས་བླང་བྱ་གཞིར་བཟུང་དམིགས་འཛུགས་གནས་སུ་ལངས་ནས་ཁ་འགྲེམ་ལས་དོན་སྤེལ་བར་དགེ་སློབ་ཚང་མ་ཕྱིར་འཐེན་བྱས་པར་སྐར་མ་གཉིས་ལས་འགོར་མེད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།