[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>དཔལ་འབྱོར།
  • བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50ཡི་རིང་།

    ཉིང་ཁྲིའི་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་བྱུང་མ་མྱོང་བའི་སྒོ་ནས་ཆེ་རུ་ཕྱིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-25

    ཉིན་ཤས་གོང་། ཉིང་ཁྲི་གྲོང་ཁྱེར་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50ཡི་རིང་ཉིང་ཁྲིར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་ནས་ཕྱོགས་བསྡུས་དངོས་ཤུགས་ཇེ་ཆེར་སོང་བ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་བྱུང་མ་མྱོང་བའི་སྒོ་ནས་ཆེ་རུ་ཕྱིན་ཏེ་རྗེས་ལུས་ནས་ཡར་རྒྱས་དང་དབུལ་ཕོངས་ནས་འབྱོར་ཕྱུག་བར་གྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད།

    ཐོན་ལས་འཕེལ་རྒྱས་ལ་སྐུལ་མ་མངོན་གསལ་དོད་པོ་ཐེབས་ཤིང་། 2014ལོར་ཉིང་ཁྲི་གྲོང་ཁྱེར་གྱི་ལེགས་ལྡན་ཐོན་ལས་ཆེ་བ་འགའ་ཞིག་དང་རིག་གནས་ཐོན་ལས་ལ་རིན་ཐང་འཕར་མ་སྒོར་དུང་ཕྱུར་54བྱུང་བ་དེས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་55.7%བཟུང་བ་དང་། སྣོད་བཅུད་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མགྱོགས་པོ་ཕྱིན་ནས་ཡུལ་སྐོར་དཔལ་འབྱོར་གྲངས་གནས་གཉིས་ཀྱི་ཐོག་ནས་འཕར་རྒྱུ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། 2014ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་280ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་26བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་12.2%དང་16.6%སོ་སོར་འཕར་བ་དང་། ཁྱད་ལྡན་ཞིང་འབྲོག་ལས་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ནས་བོད་ཕག་གསོ་ཚགས་བྱེད་ཁྱོན་མགོ་གྲངས་ཁྲི་30.5དང་། སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་2.52 སྤུས་ལེགས་ཀུ་ཤུ་འདེབས་ཁྱོན་མུའུ་ཁྲི་7.2 སྟར་ཁ་འདེབས་ཁྱོན་མུའུ་ཁྲི་9.9 ཇ་ལོ་འདེབས་ཁྱོན་མུའུ་5800བཅས་ཟིན་ཡོད། ཉིང་ཁྲིའི་ཀོ་ཤ་དང་སྡོང་ཕུང་དེ་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་མིང་གཞུང་ནང་ཚུད་པ་དང“ཉིང་ཁྲིའི་དཔྱིད་ཀྱི་ཡུལ་ལྗོངས”དང“སྣང་རྫོང་གི་སྟར་ཁ”ཞིང་ལས་པུའི་གྲགས་ཅན་དང་། ཁྱད་ལྡན། སྤུས་ལེགས་བཅས་ཀྱི་ཐོན་རྫས་མིང་གཞུང་ནང་ཚུད་ཡོད། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་མུ་མཐུད་འཕེལ་རྒྱས་ཕྱིན་ནས་སྨན་རྩིས་ཁང་གི་སྡེབ་བཟོ་ལྟེ་གནས་ལ་རྒྱལ་ཁབ་ཀྱི་GPPདཔང་དངོས་བདེན་པ་ཡིན་པའི་ར་འཕྲོད་བྱུང་བ་དང་། སྨན་རྫས་སྣ་ཁ་60ཞིབ་འཇུག་གསར་སྤེལ་བྱས་པ། བོད་སྨན་ཏུན་6.3ཐོན་སྐྱེད་བྱས་ཡོད། “ཙང་ཐེན་ཨན”དང“ཙང་ཐེན་ཁང” “ཀའོ་ཡོན་ཧྲུའུ”བཅས་རྒྱལ་ཁབ་བདེ་སྲུང་བཟའ་བཅའི་ཐོན་རིམ་ཨང་གྲངས་ལ་གྲུབ་འབྲས་ཐོབ་པའི་སྒོ་ནས་རེ་ཞུ་བྱས་ཡོད།

    རིག་གནས་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཞིང་། 2014ལོའི་ལོ་མཇུག་བར། གྲོང་ཁྱེར་དེ་ཡོངས་སུ་ཁྱོན་རིགས་ཁག་གི་རིག་གནས་ཁྲོམ་རའི་གཉེར་སྐྱོང་ཚན་པ་303དང་། ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་1.8 ལས་གཉེར་མི་སྣ་3100བཅས་ཡོད།

    དམངས་འཚོའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཞིང་། 2014ལོའི་ལོ་མཇུག་བར། གྲོང་ཁྱེར་དེ་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་118དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་38443ཡོད་པས། སློབ་ཆུང་སློབ་མ་སློབ་གྲྭར་ཞུགས་ཚད་99.8%དང་། དམའ་རིམ་སློབ་འབྲིང་གི་སློབ་མ་སློབ་གྲྭར་ཞུགས་ཚད་98.77%མཐོ་རིམ་སློབ་འབྲིང་གི་སློབ་མ་སློབ་གྲྭར་ཞུགས་ཚད་86% གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་ཞུགས་གོང་གི་ལོ་གསུམ་རིང་གི་སློབ་མ་སློབ་གྲྭར་ཞུགས་ཚད་95% ཞིང་འབྲོག་ཁུལ་གྱི་སློབ་ཞུགས་གོང་གི་ལོ་གཉིས་རིང་གི་སློབ་མ་སློབ་གྲྭར་ཞུགས་ཚད་75%བཅས་ཟིན་ཡོད། སྨན་ཡོན་མི་དགོས་པའི་སྨན་བཅོས་རྨང་གཞིར་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་ནས་ཞིང་འབྲོག་པའི་སྨན་ཡོན་མི་དགོས་པའི་སྨན་བཅོས་ཁ་གསབ་ཚད་གཞི་མི་རེར་སྒོར་420བར་མཐོ་རུ་བཏང་བ་དང་ཞིང་འབྲོག་པ་མི་སྒེར་གྱི་མ་དངུལ་གསོག་ཚད་98.15%ཟིན་ཡོད། ཁྱིམ་ཚང་གི་རྩིས་ཐོ་དང་། ནད་ཆེན་གཅིག་གྱུར་འཆར་འགོད། སྨན་བཅོས་སྐྱོབ་རོགས་བཅས་ཟུང་དུ་སྦྲེལ་བའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཁྱབ་ཚད་100%ཟིན་པ་དང་། སྨན་ཁང་དུ་བསྡད་དེ་སྨན་བཅོས་བྱས་པའི་སྨན་ཡོན་གྱི་ཁ་གསབ་ཚད་གཞི་མཐོ་ཤོས་85%དང་ནད་ཆེན་གྱི་ཁ་གསབ་མཐོ་ཤོས་སྒོར་ཁྲི་6ཟིན་ཡོད། ད་ཆ་རིགས་ཁག་གི་རིག་གནས་བྱེད་སྒོ་སྤེལ་ཡུལ་63དང་དཔེ་མཛོད་ཁང་8 རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་4 རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་37བཅས་ཡོད་ཅིང་། ཞིང་འབྲོག་མང་ཚོགས་མི་ཁྲི་རེར་སྤྱི་པའི་རིག་གནས་སྒྲིག་བཀོད་སྨི་ངོས་གྲུ་2408ཡོད་པ་དང་། ཚན་རྩལ་གྱིས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་39ཟིན་ཡོད།

    སྒྱུར་བཅོས་སྒོ་དབྱེ་མངོན་གསལ་དོད་པོས་གཏིང་ཟབ་ཏུ་ཕྱིན་ཞིང་། དངུལ་རྩའི་འཁོར་རྒྱུག་བཟང་པོ་རྒྱུན་འཁྱོངས་ཐུབ་ནས་དངུལ་རྩས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་སྔར་བས་མངོན་གསལ་དོད་དུ་སོང་ཞིང་། 2014ལོར་རིགས་ཁག་གི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར་225.48དང་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་178.36ཟིན་པ། “གཞུང་གྲོན་གསུམ”གྱི་འགྲོ་གྲོན་དེ་2014ལོའི་གཏོང་སྒོ་དེ་དུས་མཚུངས་ལས་24.96%ཆག་པ། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཁེ་ལས་ཀྱིས་ཁྲལ་དངུལ་སྒོར་ཁྲི་3135གོང་འབུལ་ཞུས་ཡོད།

    སྣོད་བཅུད་ཤེས་དཔལ་མུ་མཐུད་འཕེལ་རྒྱས་ཕྱིན་ཞིང་། གྲོང་ཁྱེར་དེ་ཡོངས་ཀྱི་ནགས་ས་རྒྱ་ཁྱོན་སྤྱི་ཆིང་ཁྲི་653.79དང་། ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་543.6ཟིན་ནས་ནགས་ཚལ་ཁྱབ་ཚད་47.5%ཟིན་ཡོད། ད་ཆ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་2དང་། རང་སྐྱོང་ལྗོངས་རིམ་པའི་རང་བྱུང་ནགས་ཚལ་སྲུང་སྐྱོང་ཁུལ་1 རྒྱལ་ཁབ་ཀྱི་ནགས་ཚལ་སྤྱི་གླིང་3 རྒྱལ་ཁབ་ཀྱི་འདམ་ར་སྤྱི་གླིང་3 རྒྱལ་ཁབ་ཀྱི་ས་གཤིས་སྤྱི་གླིང་1བཅས་ཡོད་པ་དང་། ཁྱོན་ས་ཆ་མུའུ་ཁྲི་40ལྷག་ཙམ་ནགས་གསོ་བྱས་པ་དང་བྱེ་ཐང་ཅན་གྱི་ས་ཁྱོན་མུའུ་ཁྲི་15ལྷག་ཙམ་བཅོས་སྐྱོང་བྱས་ཡོད།

    རོགས་སྐྱོར་ལས་དོན་གཏིང་ཟབ་སྤེལ་ཞིང་། ཀོང་ཏུང་དང་ཕུའུ་ཅན་ཞིང་ཆེན་གཉིས་ཀྱིས་སྔ་རྗེས་སུ་ཁག་བདུན་ལ་ལས་བྱེད་པ་570ཉིང་ཁྲི་གྲོང་ཁྱེར་དུ་ལས་དོན་སྒྲུབ་པར་མངགས་གཏོང་བྱས་པ་དང་། ཁག་དང་པོ་ནས་དྲུག་པའི་བར་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་43.24བཏང་ནས་རྣམ་གྲངས་1811རོགས་སྐྲུན་བྱས་པ་དང་། ཁག་བདུན་པའི་བོད་སྐྱོར་ཐད་ཁྱོན་མ་དངུལ་སྒོར་དུང་ཕྱུར་18.21བཏང་ནས་བོད་སྐྱོར་རྣམ་གྲངས་170བཀོད་སྒྲིག་བྱེད་རྩིས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།