[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>སྲིད་ཇུས་གསལ་འགྲེལ།
  • ཚོགས་འདུ་ཐེངས་ལྔ་པའི་སྲིད་ཇུས་གསལ་འགྲེལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-26

    “ཡོང་འབབ་ཆ་ཚང་འཇོག་པ་དང་། ཁ་གསབ་རོགས་དངུལ་ཇེ་མཐོར་གཏོང་བ། ཆེད་དོན་རོགས་སྐྱོར་བྱེད་པ”བཅས་ཀྱི་ནོར་སྲིད་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་བ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཆེད་དོན་སྤོ་སྒྱུར་གཏོང་སྤྲོད་བྱེད་ཤུགས་ཆེ་རུ་བཏང་སྟེ་དམིགས་བསལ་གྱི་དམངས་འཚོའི་གནད་དོན་ཐད་དམིགས་བསལ་གྱི་སྲིད་ཇུས་ལག་བསྟར་བྱེད་དགོས་པ་མ་ཟད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།“ཁྲལ་བསྡུའི་ལམ་ལུགས་གཅིག་གྱུར་ཐོག་བབ་བསྟུན་སྒྱུར་བཅོས་འོས་འཚམས་བྱེད་པའི”ཁྲལ་བསྡུའི་སྲིད་ཇུས་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས།  དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ཀྱི་དངུལ་རྩའི་སྒྲིག་གཞིའི་གཟིགས་སྐྱོང་དངུལ་བུན་སྐྱེད་ཚད་དང་སྐྱེད་ཀའི་ཧེ་བག་གི་ཁ་གསབ་རོགས་དངུལ་སོགས་ཀྱི་སྲིད་ཇུས་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས།  ཀྲུང་དབྱང་གིས་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་།ཆེད་དོན་མ་དངུལ་གྱི་གཞི་ཁྱོན་མུ་མཐུད་ཆེ་རུ་བཏང་སྟེ་ཀྲུང་དབྱང་གི་མ་འཇོག་དམངས་འཚོའི་ཁྱབ་ཁོངས་སུ་གཟིགས་སྐྱོང་དང་།སྤྱི་ཚོགས་ཀྱི་བྱ་གཞག་ཐད་གཟིགས་སྐྱོང་།ཞིང་འབྲོག་ལས་ཐད་གཟིགས་སྐྱོང་།རྨང་གཞིའི་སྒྲིག་བཀོད་ཐད་གཟིགས་སྐྱོང་བཅས་བྱེད་དགོས།   ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ས་གནས་དེ་གར་མཁོ་བའི་ཆེད་ལས་ཤེས་ལྡན་མི་སྣ་སྣ་ཚོགས་དེ་བས་མང་བ་གསོ་སྐྱོང་བྱེད་དགོས།བོད་ཀྱི་ལས་བྱེད་པ་དང་ལས་བཟོའི་དམིགས་བསལ་གླ་ཕོགས་སྲིད་ཇུས་དོན་འཁྱོལ་བྱས་ནས་ཕོགས་སྣོན་ལག་བསྟར་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་འབྲེལ་རྒྱལ་ཡོངས་ཀྱི་ཕོགས་སྣོན་ཁ་གསབ་རོགས་དངུལ་ཚད་ལྡན་གྱི་ཆ་སྙོམས་ཆུ་ཚད་ལ་གཞིགས་ནས་བོད་ཀྱི་དམིགས་བསལ་ཕོགས་སྣོན་གྱི་ཆུ་ཚད་འོས་འཚམས་ངང་ལེགས་སྒྲིག་བྱེད་དགོས།ཁ་གཏད་བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་གླིང་བགོས་འགན་འཁུར་དང་།  ཁ་གཏད་རོགས་སྐྱོར། དུས་བཀག་བརྗེ་རེས་བཅས་ཀྱི་བྱ་ཐབས་མུ་མཐུད་མཐའ་འཁྱོངས་བྱས་ཏེ་ལས་བྱེད་པའི་བོད་སྐྱོར་དང་།དཔལ་འབྱོར་ཐད་ཀྱི་བོད་སྐྱོར།ཤེས་ལྡན་མི་སྣའི་བོད་སྐྱོར།ལག་རྩལ་ཐད་ཀྱི་བོད་སྐྱོར་བཅས་ཟུང་དུ་འབྲེལ་བའི་ལས་ཀའི་རྣམ་པ་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།