[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>སྲིད་ཇུས་གསལ་འགྲེལ།
  • ཚོགས་འདུ་ཐེངས་བཞི་པའི་སྲིད་ཇུས་གསལ་འགྲེལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-26

    རྨང་གཞིའི་སྒྲིག་བཀོད་ཞན་པ་ནི་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་ཚོད་འཛིན་གྱི་རྒྱུ་རྐྱེན་གཙོ་བོ་ཡིན། ལྕགས་ལམ་དང་། གཞུང་ལམ། གནམ་ཐང་། གློག་ཤུགས། འཕྲིན་གཏོང་། ཆུ་བེད་སོགས་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་གཏོང་པ་དང་། ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་དགེ་མཚན་ལྡན་ལ་ཁྲོམ་ར་ཡོད་པའི་ཀ་རྟེན་ཐོན་ལས་དང་ཁྱད་ལྡན་དཔལ་འབྱོར་ཆགས་པ་བྱེད་དགོས་པ་དང་། ཡུལ་སྐོར་ལས་རིགས་མགྱོགས་ནས་མྱུར་དུ་འཕེལ་རྒྱས་བཏང་ནས་ཡུལ་སྐོར་ལས་རིགས་དེ་བོད་ཀྱི་ཀ་རྟེན་ཐོན་ལས་ལ་འགྱུར་ཡོད།

    བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པས་རྒྱལ་ཁབ་ཀྱིས་ཐད་ཀར་མ་དངུལ་བཏང་བའི་འཛུགས་སྐྲུན་རྣམ་གྲངས་117གཏན་འཁེལ་བྱས་པ་དང་། སྤྱིའི་མ་རྩ་གཏོང་གྲངས་སྒོར་དུང་ཕྱུར་312ཙམ་ཟིན་ཡོད། བོད་ཀྱི་དམིགས་བསལ་གནད་ཚུལ་ལ་དམིགས་ཏེ་བོད་ཀྱི་གལ་ཆེའི་འཛུགས་སྐྲུན་རྣམ་གྲངས་ཀྱི་མ་དངུལ་གཙོ་བོ་རྒྱལ་ཁབ་ནས་འགན་ལེན་བྱེད་པ་དང་། ཁ་གཏད་རོགས་སྐྱོར་བྱ་ཤུགས་ཆེ་རུ་བཏང་སྟེ་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་ཁ་གཏད་རོགས་སྐྱོར་གྱི་འཛུགས་སྐྲུན་རྣམ་གྲངས 70གཏན་འཁེལ་བྱས་པ་དང་སྤྱིའི་མ་རྩ་གཏོང་འབོར་སྒོར་དུང་ཕྱུར་10.6ཙམ་ཟིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།