[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>བོད་སྐྱོར།
  • ཧྲན་ཏུང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་ཐད་རྟོག་ཞིབ་གནང་བ།

    ཀུའོ་ཧྲུའུ་ཆིང་གིས་ཚོགས་པའི་སྣེ་ཁྲིད་པ་དང་། ཁྲེན་ཆོན་གོ་ དང་། པད་མ་འཕྲིན་ལས། བློ་བཟང་རྒྱལ་མཚན། ཝུའུ་དབྱིང་ཅེ་ བཅས་ཀྱིས་ཕེབས་རོགས་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-24

    ཟླ་8ཚེས་16ཉིན་ནས་ཚེས་19ཉིན་བར་ཧྲན་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་ཀུའོ་ཧྲུའུ་ཆིང་གིས་ཧྲན་ཏུང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་དུ་ཕེབས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རིམ་སྤེལ་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གནང་བ་དང་། ཀྲུང་དབྱང་གི་བོད་ཀྱི་ཁ་གཏད་རོགས་སྐྱོར་གྱི་ལས་ཀའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་གནང་བ། རོགས་སྐྲུན་རྣམ་གྲངས་ལ་གཟིགས་ཞིབ་གནང་བ། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་གཟིགས་པ་དང་འཚམས་འདྲི་བཅས་གནང་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་དབར་གྱི་སྤེལ་རེས་མཉམ་ལས་སྔར་བས་ཟབ་ཏུ་བཏང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་པད་མ་འཕྲིན་ལས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ་བཅས་ཀྱིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་པ་དང་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

    ཚེས་16ཉིན་ཧྲན་ཏུང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་བཞུགས་མོལ་གནང་བ་རེད།

    ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ་ཧྲན་ཏུང་གི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་། ཧྲན་ཏུང་ཞིང་ཆེན་གྱིས་ཡུན་རིང་ནང་བོད་ལ་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁྲེན་ཆོན་གོས་ད་ཕན་ལོ་ཤས་རིང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རིམ་སྤེལ་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་དང“བོད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་མངོན་འགྱུར་ཧུར་ཐག་བྱེད་པའི”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས། ཁྲིམས་ལྟར་བོད་སྐྱོང་བ་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་འཛུགས་སྐྲུན། མི་སེམས་གཅིག་སྡུད། རྨང་གཞི་བརྟན་གཏོང་བཅས་མཐའ་འཁྱོངས་བྱས་པས། བྱ་གཞག་ཁག་ཚང་མར་གྲུབ་འབྲས་གསར་པ་ཐོབ་ཡོད། ང་ཚོས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་དུས་འདི་གོ་སྐབས་སུ་བྱས་ནས“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་འགན་ལེན་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་འགན་ལེན། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་འགྲོ་བའི་འགན་ལེན། སྣོད་བཅུད་ཁོར་ཡུག་ཡག་པོ་ཡོང་བའི་འགན་ལེན་བཅས་བྱས་ཐོག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་བདེ་སྐྲུན་པ་དང་ཧྲན་ཏུང་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་བྱས་པར་དྲིན་ལན་འཇལ་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།

    ཀུའོ་ཧྲུའུ་ཆིང་གིས་ད་ཆའི་བོད་དུ་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་སུ་ཕྱིན་པ། སྣོད་བཅུད་བཟང་བ་བཅས་ཡོད། བོད་ཀྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོར་ང་ཚོ་ཧང་སངས་པ་དང་སྐུལ་མ་ཆེན་པོ་ཐེབས་བྱུང་ལ། བོད་མི་དམངས་ཀྱི་དཀའ་སྤྱད་དང་། བློ་གྲོས། དངོས་སྒྲུབ་བཅས་ཀྱི་སྙིང་སྟོབས་ལ་དད་གུས་ཆེན་པོ་སྐྱེས་བྱུང་། བོད་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧྲན་ཏུང་ལ་དཀྲིས་པའི་གཟི་བརྗིད་ལྡན་པའི་ལས་འགན་ཞིག་རེད། ཧྲན་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་གཞིས་རྩེའི་རྫོང་(ཆུས)5ཡི་བྱ་བ་དེ་སྔ་ཕྱི་བར་གསུམ་དུ་རང་ཉིད་ཀྱི་བྱ་བར་བརྩིས་ནས་བསྒྲུབས་པ་དང་། བོད་སྐྱོར་ལས་དོན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ནང་བཅུག་ནས་སྲིད་གཞུང་གིས་རྒྱབ་སྐྱོར་དང་། ཁ་གཏད་རོགས་སྐྱོར། སྤྱི་ཚོགས་ཀྱིས་ཞལ་འདེབས་འབུལ་བ། ཁེ་ལས་ཀྱིས་མ་རྩ་འཇོག་པ་བཅས་གལ་ཆེ་མཉམ་བརྩི་བྱེད་པའི་བོད་སྐྱོར་ལས་ཀའི་བཀོད་པ་ཞིག་ཆགས་ཡོད། ཉེ་ཆར་ཧྲན་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། བོད་སྐྱོར་ལས་དོན་སྔར་བས་ཡག་པོ་སྒྲུབ་པའི་སྲིད་ཇུས་བྱེད་ཐབས་ཞིབ་འཇུག་བྱས་ཏེ་བཟོས་ཡོད། ཧྲན་ཏུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་འདེད་གཏོང་བའི་ཀྲུང་དབྱང་གི་སྤྱིའི་བཀོད་སྒྲིག་ཁོང་དུ་བརྟན་པོར་ཆུད་དེ། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་ཉན་པ་དང་། བོད་སྐྱོར་ལས་ཀའི་དམིགས་སའི་རང་བཞིན་དང་། ཡུན་རིང་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་བཏང་ཐོག བོད་སྐྱོར་ལས་ཀའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཏང་གི་བོད་སྐྱོང་འཐབ་ཇུས་ལག་བསྟར་ནན་ཏན་བྱས་པས། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་དང་། སྤྱི་ཚོགས་ཁྱོན་ཡོངས་ནས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ། མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་བརྟན་དུ་ཕྱིན་པ། ཆོས་ལུགས་འཆམ་མཐུན་དང་དགོན་སྡེ་ཞི་མཐུན་མངོན་འགྱུར་བྱུང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་སོང་བ། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྱོང་ལ་སྐུལ་མ་ཐེབས་པ། བོད་དུ་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་ཕྱིན་པ་བཅས་བྱུང་ཡོད། ང་ཚོས་ཧྲན་ཏུང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་སྒུལ་ཤུགས་སུ་བྱས་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་མུ་མཐུད་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།

    གཞིས་རྩེར་རྟོག་ཞིབ་གནང་རིང་། ཧྲན་ཏུང་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་ཧྲན་ཏུང་གི་བོད་ལ་ཁ་གཏད་རོགས་སྐྱོར་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། རོགས་སྐྱོར་ཐོབ་པའི་ལས་ཀའི་གནས་ཚུལ། ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་ཉན་པ་དང་། གོམ་སྟབས་རྗེས་མའི་བོད་སྐྱོར་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ཀུའོ་ཧྲུའུ་ཆིང་གིས་ཧྲན་ཏུང་གི་བོད་སྐྱོར་ལས་དོན་ཁྲོད་ཟླ་7ཚེས་30ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་བླང་བྱ་ལག་བསྟར་ནན་ཏན་བྱས་ནས་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཐོན་ལས་མཉམ་ལས་ལ་ཤུགས་ཧུར་ཐག་བརྒྱབ་ནས་ལྗང་མདོག་དང་། ཁོར་ཡུག་སྲུང་སྐྱོང་། རྒྱུན་སྲིང་བཅས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་པ། དམངས་འཚོ་ལེགས་གཏོང་ལ་ཞབས་ཞུ་ཧུར་ཐག་བྱས་ནས་རོགས་སྐྲུན་རྣམ་གྲངས་དང་མ་དངུལ་ཞིང་འབྲོག་ཁུལ་ལ་ཕྱོགས་པ་དང་གཞི་རིམ་ལ་ཕྱོགས་རྒྱུར་ཁྲིད་སྟོན་བྱེད་དགོས་པ། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་ཧུར་ཐག་བརྒྱབ་ནས་བོད་རྒྱ་མི་རིགས་མཐུན་སྒྲིལ་དང་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཐུན་མོང་ཡར་ཐོན་གྱི་སྤྱི་ཚོགས་ཁོར་ཡུག་གཏོད་དགོས་པ། རོགས་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་ཧུར་ཐག་བཏང་ནས་བོད་སྐྱོར་ལས་དོན་འགན་ལེན་ནུས་ལྡན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཧྲན་ཏུང་གི་ཁ་གཏད་རོགས་སྐྱོར་ལས་དོན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། ཁོང་གིས་གཞིས་རྩེ་གྲོང་ཁྱེར་གྱིས་ངོ་བོ་ཉིད་ཀྱི་སྒུལ་ཤུགས་ཟམ་མི་ཆད་པར་སྐུལ་སྤེལ་བྱས་ནས་རང་བརྟེན་གྱི་ནུས་པ་ཆེ་རུ་གཏོང་བ་དང་རོགས་སྐྱོར་ཐོབ་པའི་ལས་ཀའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས་པ་དང་། འཕེལ་རྒྱས་ལ་འཆར་འགོད་ཡག་པོ་བྱས་ཏེ་གཞིས་རྩེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དངོས་དང་ཧྲན་ཏུང་གི་ཕན་ཡོད་ཆ་རྐྱེན་ཟུང་འབྲེལ་དམ་ཟབ་བྱས་ནས་སློབ་གསོ་དང་། སྨན་བཅོས། རིག་གནས་སོགས་སྤྱི་ཚོགས་བྱ་གཞག་ཟམ་མི་ཆད་པར་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ཐོག མི་རིགས་ཁག་གི་མང་ཚོགས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས་པ། ཕན་འབྲས་འདོན་སྤེལ་ཡག་པོ་བྱས་ཏེ་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། འབྲེལ་མཐུད་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ། རོགས་སྐྱོར་ཐོབ་པའི་རྣམ་གྲངས་འཆར་འགོད་དང་དོ་དམ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་བོད་སྐྱོར་རྣམ་གྲངས་ལ་སྔ་ཙམ་ཕན་འབྲས་ཐོན་པ་དང་ཡུན་རིང་གི་ཕན་ནུས་ཐོན་པ་བྱེད་དགོས་པ། ཁོར་ཡུག་ཡག་པོ་བཏོད་དེ་བོད་སྐྱོར་ལས་བྱེད་པར་མཐོང་ཆེན་དང་། སེམས་ཁུར། རྒྱབ་སྐྱོར། གཅེས་སྐྱོང་བཅས་བྱས་ནས་བོད་སྐྱོར་ལས་བྱེད་པའི་ནུས་པ་གང་ཡོད་འདོན་སྤེལ་ཡག་པོ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་ཧྲན་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་གཞིས་རྩེ་གྲོང་ཁྱེར་ལ་རོགས་སྐྱོར་མ་དངུལ་ཞལ་འདེབས་ཕུལ་བ་དང་། ཧྲན་ཏུང་ལི་ནུའོ་ཚོགས་པས་གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་དང་མུའུ་ཁྲི་ཡི་འོད་ཤུགས་ཞིང་ལས་དཔེ་སྟོན་གླིང་གི་རྣམ་གྲངས་གྲོས་མཐུན་བཞག་པ། ཆིང་ཏའོ་ལའོ་ཧྲན་གཏེར་ཆུ་ཚད་ཡོད་ཀུང་སིས་བསམ་གྲུབ་རྩེ་ཆུས་སྲིད་གཞུང་དང་རང་བྱུང་འཐུང་ཆུ་གསར་སྤེལ་རྣམ་གྲངས་མཉམ་ལས་ཀྱི་འདོད་འདུན་བཞག་པ་རེད།

    རྟོག་ཞིབ་གནང་རིང་ཧྲན་ཏུང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་གཞིས་རྩེ་གྲོང་ཁྱེར་གྱི་བསམ་གྲུབ་རྩེ་ཆུས་དང་། རྣམ་གླིང་རྫོང་། པ་སྣམ་རྫོང་བཅས་སུ་བརྟག་ཞིབ་གནང་ནས་ངམ་རིང་རྫོང་དང་གཉའ་ལམ་རྫོང་གི་གནས་ཚུལ་སྙན་ཞུ་གསན་པ་རེད།

    རྟོག་ཞིབ་གནང་རིང་། ཀུའོ་ཧྲུའུ་ཆིང་གིས་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པར་གཟིགས་ནས་འཚམས་འདྲི་གནང་བ་དང་། ཁོང་གིས་ཚང་མའི་ལས་ཀར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་ཚོར་གཟུགས་པོར་བདག་གཅེས་དང་སློབ་སྦྱོང་དང་འཚོ་བ་བཀོད་སྒྲིག་ཡག་པོ་བྱས་ཏེ་ཡང་འབད་བསྐྱར་འབད་དང་ལས་ཀ་ཧུར་ཐག་བྱས་ཐོག གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་མང་ཙམ་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།