[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>བོད་སྐྱོར།
  • “ཚོགས་པ་ཅན”གྱི་སྨན་བཅོས་ཤེས་ལྡན་པའི་བོད་སྐྱོར་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-22

    ཚེས་20 ཉིན། ཀྲུང་དབྱང་རྩ་འཛུགས་པུའུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སྒྲིག་འཛུགས་འདེམས་གཏོང་བྱས་པའི་ཞིང་ཆེན་དང་གྲོང་ཁྱེར་8ཀྱི“ཚོགས་པ་ཅན”གྱི་བོད་སྐྱོར་སྨན་བཅོས་ཤེས་ལྡན་པ་ཚང་མ་བོད་དུ་འབྱོར་ཞིང་། ཁོང་ཚོས་ལྷ་སར་དུས་ཐུང་གི་སྦྱོང་བརྡར་དང་ལེན་བྱས་རྗེས། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ས་ཁུལ(གྲོང་ཁྱེར)བདུན་དུ་བསྐྱོད་དེ་སྨན་བཅོས་རོགས་སྐྱོབ་ཀྱི་ཞབས་འདེགས་ཞུ་རྒྱུ་ཡིན་པ་དེ་ནི་རྒྱལ་ཁབ་ཀྱིས་སྨན་བཅོས་བོད་སྐྱོར་ལས་དོན་སྤེལ་ཐེངས་དང་པོ་དེ་ཡིན་པ་རེད།

    བོད་སྐྱོར་སྨན་བཅོས་རུ་ཁག་གི་ཁོངས་མི་ནི་ཆེད་ལས་ལག་རྩལ་པ་དང་ཕྱོགས་བསྡུས་དོ་དམ་པ་ལས་གྲུབ་པ་དང་། རོགས་སྐྱོར་བྱ་ཡུལ་སྨན་ཁང་དུ་འགོ་ཁྲིད་ཀྱི་འགན་འཁུར་མཁན་བོད་དུ་ལས་ཀ་བྱས་ནས་ལོ་3སོང་ན་བརྗེ་པོ་ཐེངས་རེ་རྒྱག་པ་དང་། མི་སྣ་གཞན་དག་བོད་དུ་ལས་ཀ་བྱེད་པའི་དུས་ཚོད་ཉུང་མཐར་ཡང་ལོ་གཅིག་ཡིན་པ་རེད།

    “ཚོགས་པ་ཅན”གྱི་རོགས་སྐྱོར་བྱ་ཡུལ་ནི་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་མི་དམངས་སྨན་ཁང་ཡིན་པ་དང་། ཆ་སྒྲིག་གི་འབྲེལ་བ་ལྟར། པེ་ཅིང་ཞེ་ཧོ་སྨན་ཁང་གིས་སྣེ་འཁྲིད་དེ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ལ་རོགས་སྐྱོར་བྱེད་པ་དང་། པེ་ཅིང་གྲོང་ཁྱེར་དང་། ཧྲང་ཧའེ་གྲོང་ཁྱེར། ཨན་ཧུའེ་ཞིང་ཆེན། ཀོང་ཏུང་ཞིང་ཆེན། ཁྲུང་ཆིང་གྲོང་ཁྱེར། ལེའོ་ཉིང་ཞིང་ཆེན། ཧྲའན་ཤིས་ཞིང་ཆེན་བཅས་ཀྱིས་ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ལྷོ་ཁ་ས་ཁུལ། ཉིང་ཁྲི་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར། ནག་ཆུ་ས་ཁུལ། མངའ་རིས་ས་ཁུལ་བཅས་ཀྱི་མི་དམངས་སྨན་ཁང་ལ་སོ་སོར་རོགས་སྐྱོར་བྱ་རྒྱུ་རེད། “ཚོགས་པ་ཅན”གྱི་རོགས་སྐྱོར་ཐད་མཁོ་བའི་འགྲོ་གྲོན་དེ་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་གཅིག་འདོམས་དང་མཐུན་སྦྱོར་བཀོད་སྒྲིག་བྱ་རྒྱུ་དང་། གྲོང་ཁྱེར་མི་དམངས་སྨན་ཁང་ལ་རོགས་སྐྱོར་ཐད་མཁོ་བའི་འགྲོ་གྲོན་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་བོད་སྐྱོར་མ་དངུལ་གྱི་1‰ནང་ནས་གཏོང་རྒྱུ་ཡིན་པ་དེ་དག་གཙོ་བོ་དགོས་ངེས་ཀྱི་སྨན་བཅོས་སྒྲིག་ཆས་ཉོ་སྒྲུབ་དང་བདག་སྐྱོང་། དེ་བཞིན་འབྲེལ་ཡོད་ཀྱི་རྨང་གཞིའི་འཛུགས་སྐྲུན་སྒྱུར་བཀོད་དང་སྨན་དོན་པ་གསོ་སྦྱོང་དང་སྒྲིག་འཛུགས་བཅས་ལ་སྤྱོད་རྒྱུ་རེད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱི་སྨན་བཅོས་བྱ་གཞག་ལ་གྲུབ་འབྲས་ཆེ་ཙམ་ཐོབ་ཡོད་ཀྱང་རྒྱལ་ཡོངས་དང་བསྡུར་ན་ད་དུང་ཧེ་བག་ཆེན་པོ་འཛོལ་ཡོད།དཔེར་ན་སྨན་བཅོས་མཉེན་ཆས་སྒྲིག་ཆས་ཚུད་པའི་སྨན་རྫས་སྒྲིག་སྦྱོར་སོགས་ལེགས་སུ་ཕྱིན་ཡོད་རུང་སྨན་བཅོས་ཤེས་ལྡན་པ་དཀོན་པའི་སྣང་ཚུལ་སྔར་བས་མངོན་གསལ་དོད་པོ་ཡོད། གནས་ཚུལ་དེས་རྐྱེན་པས་དུས་བབ་གསར་པའི་འོག་འཕྲོད་བསྟེན་ཤེས་ལྡན་པའི་བོད་སྐྱོར་ལ་སྐུལ་འདེད་གཏོང་རྒྱུ་དེ་བོད་ཀྱི་སྨན་བཅོས་ཤེས་ལྡན་པ་དཀོན་པའི་གནད་དོན་ཐག་གཅོད་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཏུ་གྱུར་ཡོད།


    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།