[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>གསར་འགྱུར་ལྟེ་གནས།
  • བོད་ལྗོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་ནན་ཏན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-09-08

    ཉིན་ཤས་བསྟུད་མར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལ་རང་ལྗོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་དོན་ལ་དམིགས་པ་དང་དེ་བཞིན་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་སོགས་མཐའ་འཁྱོངས་བྱེད་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་ཡོད།

    རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་ཐིང་ཀྲང་ལིའུ་ཅང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། བཞུགས་མོལ་ཚོགས་འདུའི་ཐོག་མིག་སྔའི་དུས་བབ་ལ་ངོས་འཛིན་གསལ་པོ་ཞིག་གནང་ཡོད་པས། སྤྱི་བདེ་ལས་ཁུངས་ཀྱིས་ལས་དོན་དངོས་དང་ཟུང་འབྲེལ་གྱིས་གནས་བབ་གསར་པ་ཁོང་དུ་ཆུད་པ་དང་། ལས་འགན་གསར་པ་ཁ་གསལ་བ། དམིགས་ཚད་གསར་པ་གཏན་འཁེལ། བླང་བྱ་གསར་པ་འདོན་པ། བྱེད་ཐབས་གསར་པ་བཟོ་བ་བཅས་བྱས་ནས་2020ལོར་སླེབས་སྐབས་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུའི་འགན་ལེན་བྱེད་དགོས་ཞེས་བཤད་པ་དང་། ལིའུ་ཅང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ལ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཚོགས་འདུའི་དགོངས་དོན་ལ་གོ་བ་ཡག་པོ་ལེན་པ་དང་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། ཚན་པ་ཁག་དང་སྡེ་ཚན་ཁག་གིས་རང་སོ་སོའི་ལས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སློབ་སྦྱོང་དང་ལག་བསྟར་བྱ་ཐབས་ཞིབ་ཕྲ་བཟོས་པའི་ཁར་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ། ཚོགས་འདུའི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་བྱེད་དགོས་པ་མ་ཟད། ལས་དོན་དངོས་ཀྱི་ནང་དོན་འཁྱོལ་ཡང་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།

    ལྗོངས་ཁྲིམས་འཛིན་ཐིང་གི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཐིང་ཀྲང་གཞོན་པ་ལུའི་ཐའོ་ཡིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས་རྗེས། ལྗོངས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་རྒྱ་ཆེའི་མི་དམངས་ཉེན་རྟོག་པ་དང་ལས་བཟོ་ཚོར་སྐུལ་མ་ཆེན་པོ་ཐེབས་ནས་སློབ་སྦྱོང་གི་ཚ་རླབས་ཤིག་མྱུར་དུ་འཕྱུར་བ་དང་། བསམ་བློ་དང་བྱ་སྤྱོད་དེ་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་དེ་ལས་ཀའི་སྒུལ་ཤུགས་སུ་བསྒྱུར་ནས་ཁྲིམས་ཆད་ལག་བསྟར་དང་དུག་གཅོད་དོ་དམ་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་དང་། བཅའ་ཁྲིམས་ཀྱི་ཞབས་ཞུ་དང་། ཁྲིམས་ལུགས་ཀྱི་འགན་ལེན། ཁྲིམས་སྐྱོང་དྲིལ་བསྒྲགས་བཅས་ལས་དོན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ། ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་ཡག་པོ་བྱེད་པ་དང་། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་འདེད་གཏོང་བ། མི་དམངས་བདེ་སྡོད་ལས་བརྩོན་ཡོང་བའི་འགན་ལེན་བཅས་ཀྱི་བླ་ན་མེད་པའི་འགན་འཁྲི་བློ་དཀར་སེམས་དཀར་ངང་གཙང་སྒྲུབ་བྱེད་དགོས་ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།