[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>གསར་འགྱུར་ལྟེ་གནས།
  • ཉིང་ཁྲིའི་ལས་བྱེད་མང་ཚོགས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལ་གྲོས་བསྡུར་འཁྲུག་པོ་བྱས་ནས་འབད་བརྩོན་དང་གྲུབ་འབྲས་དེ་བས་ཆེ་བའི་ཐོག་ནས་ཀྲུང་དབྱང་གི་ཐུགས་ཁུར་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་བཤད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-09-02

    ཟླ་8ཚེས་25ཉིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་པའི་གཏམ་བཟང་པེ་ཅིང་ནས་གྲགས་རྗེས། ཉིང་ཁྲི་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དགའ་སྤྲོས་ཁེངས་པ་དང་སྙིང་སྟོབས་རབ་འཕེལ་བྱུང་ཡོད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་ཡག་པོ་དང་། ལག་བསྟར་ཡག་པོ། ཁོང་དུ་ཡག་པོ་ཆུད་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་བཤད་པ་རེད།

    ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཧྲི་ཅུན་གྱིས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་པེ་ཅིང་དུ་འཚོགས་པའི་བརྙན་འཕྲིན་གསར་འགྱུར་བལྟས་རྗེས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། ཁོང་དུ་ཡག་པོ་ཆུད་པ། ལག་བསྟར་ཡག་པོ་བཅས་བྱེད་པའི་འགག་རྩ་ནི“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐའ་འཁྱོངས་དང་། ཏང་གི་བོད་སྐྱོང་ཇུས་ཆེན་མཐའ་འཁྱོངས། “བློ་བརྟན་འགྱུར་མེད་བཞི”མཐའ་འཁྱོངས། “ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་འཛུགས་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང”བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བཅས་བྱ་རྒྱུ་དེ་རེད། ལས་དོན་དེ་སྤྱི་ཡོངས་ཀྱི་ཇུས་འགོད་ནང་བཞག་ནས་བོད་སྐྱོང་ཇུས་ཆེན་དང་དངོས་ཡོད་ཟུང་འབྲེལ་གྱིས་ལག་བསྟར་བྱས་ཚེ་ཉིང་ཁྲིའི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་ཉིང་ཁྲིའི་ལེའུ་ཞིག་རྩོམ་ཐུབ་ངེས་རེད་ཅེས་བཤད་པ་རེད།

    མེ་ཏོག་རྫོང་ཨུད་ཀྱི་ཧྲུའུ་ཅི་ཏེང་ཅང་ལིང་གིས་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་པའི་ཆ་འཕྲིན་རྒྱལ་ས་པེ་ཅིང་ནས་མཐའ་མཚམས་མེ་ཏོག་ཏུ་འབྱོར་སྐབས་དེ་གར་འཚོ་སྡོད་བྱེད་བཞིན་པའི་མོན་པ་དང་ལྷོ་པ་སོགས་མི་རིགས་ཁག་གི་མང་ཚོགས་ལ་སྐུལ་མ་ཚད་མེད་ཐེབས་པ་དང་སྤོབས་པ་ཆེན་པོ་སྐྱེས་ཡོད། ལྷག་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་གཞི་རྩའི་སྤྱི་པའི་ཞབས་ཞུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་དབུལ་པོ་ཆགས་པའི་འགག་རྩའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་ཚོགས་ཀྱི་འཚོ་བ་གང་མགྱོགས་ལེགས་སུ་གཏོང་དགོས་ཞེས་པར་མེ་ཏོག་རྫོང་གི་མི་རིགས་ཁག་གི་མི་དམངས་ཀྱིས་རེ་སྒུག་ཆེན་པོ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཐོང་ཡོད་ཅེས་བཤད་པ་རེད།

    རྫ་ཡུལ་རྫོང་ཚ་བ་རོང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་སྐལ་བཟང་ཚེ་རིང་གིས་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས། ཚ་བ་རོང་ཤང་གི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་བརྙན་འཕྲིན་ཐོག་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་པེ་ཅིང་དུ་འཚོགས་པའི་ཆ་འཕྲིན་རྟོགས་རྗེས་ཚང་མས་སེམས་འགུལ་ཐེབས་པའི་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མི་རིགས་ཁག་གི་མི་དམངས་སྤེལ་རེས་དང་འགྲོ་འོང་མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་མི་སེམས་དང་སྟོབས་ཤུགས་དེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐོག་གཅིག་འགྲིལ་ཡོང་བ་བྱས་ནས། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དེ་བོད་འཕེལ་རྒྱས་མྱུར་པོ་གཏོང་བ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཤིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།