[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>འཐུས་མི་ཚོཌ་ཆེན་ཐེངས་9པ།>ཀྲུང་དབྱང་གི་དགོངས་དོན།
  • ཏང་ནན་པོས་སྐྱོང་བའི་སྐད་སྒྲ་ཤུགས་ཆེ་ཤོས་བསྒྲགས་པ།

    ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས་ཀྱི་འགག་རྩའི་ཚིག་བཅུ་གཉིས་གསེད་བཀྲོལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-10-30

    1. ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ།

    བློ་རྩ་བརྟན་པོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ་དང་། བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་དང་ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བ་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས་བྱེད་པ། ཏང་སྲོལ་གཅིག་སྡུད་བཅོས་སྐྱོང་བྱེད་པ། རུལ་སུངས་ལ་ཆད་པ་ནན་པོ་གཅོད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་གཙང་མ་བཟོ་བ་བཅས་བྱེད་དགོས།

    2. འགོ་ཁྲིད་ཀྱི་སྲོག་ཤིང་།

    ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པར། དང་ཐོག་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། རྒྱལ་ཁབ་གཅིག་དང་སྲིད་ཏང་གཅིག་གི་ངོས་ནས་བཤད་ན། འགོ་ཁྲིད་ཀྱི་སྲོག་ཤིང་གལ་འགངས་ཤིན་ཏུ་ཆེ་བས་ཏང་ཡོངས་ཀྱི་བློ་མཐུན་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས། ཕྱོགས་ཡོངས་ནས་ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་འཆང་དགོས།

    3. ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ།

    ཏང་གིས་ཏང་ལ་དོ་དམ་བྱེད་པར་ངེས་པར་དུ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་དོ་དམ་ནས་འགོ་འཛུགས་དགོས་པ་དང་། ཏང་ནན་པོས་སྐྱོང་བར་ངེས་པར་དུ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་པོ་ནས་འགོ་འཛུགས་དགོས།

    4. ཏང་ནང་ཁུལ་གྱི་ལྟ་སྐུལ།

    ཏང་ནང་ཁུལ་གྱི་ལྟ་སྐུལ་དང་མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས། ཏང་གིས་སྲིད་དབང་ཡུན་རིང་འཛིན་པའི་ཆ་རྐྱེན་འོག་རང་ངོས་གཙང་སེལ་དང་། རང་ངོས་འཐུས་སྒོ་ཚང་བ། རང་ངོས་གསར་བརྗེ། རང་ངོས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་ལ་ཤུགས་སྣོན་རྒྱག་དགོས།

    5. སྒྲིག་ཁྲིམས་ནན་པོ།

    སྒྲིག་ཁྲིམས་ནན་པོ་ནི་ཏང་ཡོངས་བསམ་བློ་གཅིག་གྱུར་དང་། བྱ་སྤྱོད་གཅིག་གྱུར། གོམ་སྟབས་གཅིག་གྱུར་བཅས་ཀྱིས་མདུན་སྐྱོད་བྱེད་པའི་གལ་ཆེའི་འགན་ལེན་རེད་ལ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ནང་དོན་གལ་ཆེན་ཡང་རེད།

    6. ཏང་ནང་ཁུལ་གྱི་དམངས་གཙོ།

    ཚང་འཛོམས་གྲོས་ཚོགས་ཐོག་ཏང་ནང་ཁུལ་གྱི་དམངས་གཙོ་ནི་ཏང་གི་ཚེ་སྲོག་ཡིན་ལ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་དགེ་མཚན་ལྡན་ཞིང་སྐྱོན་དང་བྲལ་བའི་རྨང་གཞི་གལ་ཆེན་ཡང་རེད།

    7. རུལ་སུངས་ལ་ངོ་རྒོལ།

    རུལ་སུངས་བྱས་ན་ངེས་པར་ངོ་རྒོལ་བྱེད་པ་དང་ལྐོག་རྔན་བླངས་ན་ངེས་པར་ཐག་གཅོད་ནན་པོ་མཐའ་འཁྱོངས་བྱེད་དགོས། བཀག་སྡོམ་ཁུལ་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། ཐར་པར་གཏན་ནས་མི་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་ཏང་ནང་ཁུལ་དུ་རུལ་སུངས་བ་གབ་ས་གཏན་ནས་མེད་པ་བཟོ་དགོས།

    8. མཐོ་རིམ་ལས་བྱེད་པ།

    ཚང་འཛོམས་གྲོས་ཚོགས་ཐོག་མཐོ་རིམ་ལས་བྱེད་པ་དང་ལྷག་པར་དུ་ཀྲུང་དབྱང་འགོ་ཁྲིད་རིམ་པའི་ཁོངས་མིས་ངེས་པར་དུ་རང་དཔེ་གཞན་སྟོན་གྱིས་ཐོག་མའི་བསམ་འདུན་མཐའ་འཁྱོངས་བྱས་ཏེ་མུ་མཐུད་མདུན་སྐྱོད་བྱེད་པ་དང་། སྔོན་ལ་དཔེ་སྟོན་མཐའ་འཁྱོངས་ཀྱིས་གོང་གིས་འོག་ལ་མིག་དཔེ་བཏོན་ནས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ་མིག་དཔེ་འདོན་དགོས།

    9. དབང་ཆར་ལྟ་སྐུལ།

    ལྟ་སྐུལ་ནི་དབང་ཆ་ཡང་དག་སྤྱོད་པའི་རྩ་བའི་འགན་ལེན་རེད་ལ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་བཟོ་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད།

    10. མང་ཚོགས་ལམ་ཕྱོགས།

    ཏང་ཡོངས་ཀྱིས་ངེས་པར་དུ་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་ངལ་སེལ་རོགས་བྱས་ཏེ་མི་དམངས་ཀྱི་གཞུང་ཞབས་པ་ཡག་པོ་བྱེད་དགོས།

    11. དམངས་གཙོ་གཅིག་སྡུད་ལམ་ལུགས།

    དམངས་གཙོ་གཅིག་སྡུད་ལམ་ལུགས་ནི་ཏང་གི་རྩ་བའི་རྩ་འཛུགས་ཀྱི་རྩ་དོན་རེད་ལ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་རྒྱུན་གཏན་ངང་སྤེལ་བའི་ལམ་ལུགས་ཀྱི་འགན་ལེན་གལ་ཆེན་ཞིག་ཀྱང་རེད།

    12. མི་སྣ་འདེམས་སྤྱོད།

    ཡང་དག་པའི་མི་སྣ་འདེམས་སྤྱོད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་པོ་བཟོ་བའི་རྩ་འཛུགས་ཀྱི་འགན་ལེན་ཡིན་པས། ངེས་པར་དུ་རང་འགུལ་ངང་མི་སྤྱོད་པའི་ཐད་ཀྱི་ཚུལ་མིན་སྤྱོད་ཚུལ་དང་ཉེ་དགའ་ཕྱོགས་ཞེན་སྣ་ཚོགས་འགོག་སྲུང་དང་ཡོ་བསྲང་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།