[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>འཐུས་མི་ཚོཌ་ཆེན་ཐེངས་9པ།>སྨན་བཅོས་དང་སློབ་གསོ།
  • སྨན་བཅོས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དམིགས་ཡུལ་དུ་བྱས་ཏེ་བདེ་ཐང་ཀྲུང་གོའི་འབྱུང་འགྱུར་ཇུས་འགོད་བྱེད་དགོས།

    དམངས་ཡོངས་ཀྱིས“བདེ་ཐང་ཕན་བདེ”ལོངས་སྤྱོད་ཐུབ་པ་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-11-30

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱིས་གཞི་རྩ་སྲུང་བ་དང་། གཞི་རིམ་སྟོབས་ཆེན། ལམ་སྲོལ་འཛུགས་པ་བཅས་མཐའ་འཁྱོངས་བྱས་ཏེ་གསོ་རིག་སྨན་རྫས་འཕྲོད་བསྟེན་ལམ་ལུགས་སྒྱུར་བཅོས་རྨང་གཞི་བརྟན་དུ་གཏོང་བ་ནས་སྤུས་ཚད་མཐོ་རུ་གཏོང་བའི་བར་འགྱུར་ལྡོག་བྱུང་བ་དང་། སྣ་གཅིག་ཚད་བརྒལ་ནས་ཕྱོགས་བསྡུས་སྐུལ་འདེད་བར་འགྱུར་ལྡོག་བྱུང་སྟེ། མི་སེར་ཚོས་ཁ་ཡོད་ལག་ཡོད་ཀྱི“བདེ་ཐང་ཕན་བདེ”ལོངས་སྤྱོད་ཐུབ་ཡོད།

    དམངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ལམ་ལུགས་གཞི་རྩའི་ཆ་ནས་བཙུགས་པ།

    གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་ཚད་95%ཡན་དུ་བརྟན་འཇགས་བྱུང་བ།

    ཁྱབ་ཚད་མི་འབོར་དུང་ཕྱུར་13ལས་བརྒལ་བ།

    2016ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ལ་ནོར་སྲིད་ནས་ཁ་གསབ་བྱེད་པའི་ཚད་གཞི་མི་རེར་ཆ་སྙོམས་སྒོར་420ཟིན་པ།

    གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་རྒྱུན་མཐུད་ནས་རྒྱ་སྐྱེད་དང་གཏིང་ཟབ་ཏུ་བཏང་བ།

    རྒྱལ་ཡོངས་ཀྱི་རྫོང(གྲོང་ཁྱེར)1977དུ་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ།

    གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་བྱ་ཡུལ་གྲོང་ཁྱེར་200བར་མང་དུ་ཕྱིན་པ།

    གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ཆ་སྙོམས་ཅན་གྱི་ཚད་གཞི་ཆེས་ཆེར་འཕར་བ།

    རིགས་ཆེན་པོ་12ཀྱི་རྒྱལ་ཁབ་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ཁག་45ལག་བསྟར་བྱས་ཏེ་གྲོང་མིའི་མི་ཚེ་ཧྲིལ་པོར་ཁྱབ་པ།

    རིམ་དབྱེའི་སྨན་བཅོས་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

    རྒྱལ་ཡོངས་ཀྱི་རྫོང་ཕྱེད་ཀ་ལྷག་ཙམ་ལ་གཞི་རིམ་ནས་ནད་གཞི་ཐོག་མར་བརྟག་པའི་ཚོད་ལྟ་བྱས་ཏེ་རྫོང་ཁོངས་སུ་ནད་བརྟག་ཚད་80%ཡན་ཟིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།