[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>འཐུས་མི་ཚོཌ་ཆེན་ཐེངས་9པ།>བོད་དུ་ལག་ལེན་བསྟར།
  • བོད་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གཏིང་ཟབ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-09-07

    གསར་འགོད་པས་ལྗོངས་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་ཏང་གི་ལས་དོན་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། རང་སྐྱོང་ལྗོངས་ཀྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་བཀོད་སྒྲིག་བྱས་རྗེས་ལྗོངས་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་ཏང་གི་ལས་དོན་ཨུ་ལྷན་གྱིས་དུས་ཐོག་ཏུ་སྒྲིག་གཞི་བཙུགས་པ་དང་འབྲེལ། འཕྲལ་དུ་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཁྲོད་ཕྱོགས་ཡོངས་ནས་སློབ་སྦྱོང་སློབ་གསོ་སྤེལ་འགོ་བཙུགས་ཡོད། མིག་སྔའི་བར། སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཁག་གིས་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ་རེད།

    ལྗོངས་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་ཏང་གི་ལས་དོན་ཨུ་ལྷན་གྱིས《ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་ཡོན་ཁྲོད“ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་དང་གསུང་བཤད་རབ་དང་རིམ་པ་སློབ་སྦྱོང་བྱས་ཏེ་ཚད་ལོན་ཏང་ཡོན་ཞིག་བྱེད་པའི”སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཟོས་པ་དང་ཡོངས་བསྒྲགས་བྱས་རྗེས་ལྗོངས་ཡོངས་སུ་ཁེ་ལས་དང་། ཚོང་ཚོགས། མཐུན་ཚོགས་བཅས་52ཀྱི་ཏང་རྩ་འཛུགས་ཀྱིས་ཇུས་གཞི་གོང་ཞུ་བྱས་པ་དང་དེ་རྗེས་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་འགན་ཁུར་བ་100ལྷག་ཙམ་གྱིས་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ལྗོངས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་བློ་མཐུན་མགོན་པོ་བཀྲ་ཤིས་ཀྱིས་འཁྲིད་གནང་བའི“སློབ་སྦྱོང་དང་བཀོལ་སྤྱོད་ཟུང་འབྲེལ་དང་སློབ་སྦྱོང་ལ་བརྟེན་ནས་བྱ་སྤྱོད་སྤེལ་རྒྱུར་སྐུལ་འདེད་བཏང་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་ཀྱི‘སློབ་སྦྱོང་གཉིས་དང་ཚད་ལོན་གཅིག’ལ་སྐུལ་མ་ཏན་ཏིག་གཏོང་དགོས”ཞེས་ཁ་བྱང་དུ་བྱས་པའི་ཏང་གི་སློབ་ཚན་ཉན་པ་དང་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་ཏང་རྩ་འཛུགས་ཚང་མས་ཏང་གི་སློབ་ཚན་གྱི་རྣམ་པའི་ཐོག་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་འགོ་བཙུགས་ཡོད། མིག་སྔའི་བར་ཁེ་ལས་དང་། ཚོང་ཚོགས། མཐུན་ཚོགས་བཅས་52ཀྱི་ཏང་རྩ་འཛུགས་ཀྱིས་སློབ་སྦྱོང་འཆར་གཞི་གོང་ཞུ་བྱས་པ་དང་། ཁེ་ལས་དང་། ཚོང་ཚོགས། མཐུན་ཚོགས་བཅས་30ལྷག་ཙམ་གྱི་ཏང་རྩ་འཛུགས་ཀྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་དྲིལ་བསྒྲགས་ཆེད་སྒྲོམ་བཟོས་པ། ཁེ་ལས་དང་། ཚོང་ཚོགས། མཐུན་ཚོགས་བཅས་15ཡི་ཏང་རྩ་འཛུགས་ཧྲུའུ་ཅིས་ཏང་གི་སློབ་ཚན་ཁྲིད་པ། ཁེ་ལས་དང་། ཚོང་ཚོགས། མཐུན་ཚོགས་བཅས་47གྱི་ཏང་རྩ་འཛུགས་ཀྱིས་སློབ་སྦྱོང་ཚོགས་འདུ་འཚོགས་པ་བཅས་རེད།

    སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་ཀྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུར་རོགས་རམ་བྱ་ཆེད། ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་7གྲུབ་པ་དང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ་7གྱིས་སོ་སོར་རུ་སྣེ་ཁྲིད་དེ་ཁེ་ལས་དང་། ཚོང་ཚོགས། མཐུན་ཚོགས་བཅས་ཏང་རྩ་འཛུགས་སུ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད། ཧྭ་ཡུས་ཀུང་སིའི་ཏང་ཨུད་དང་། ཧུང་ཅིས་ཀུང་སིའི་ཏང་ཨུད། ཡོན་ཏ་བཟོ་སྐྲུན་རྒྱུ་ཆ་ཏང་ཀྲི་པུའུ། ཀྲེ་ཅང་ཚོང་ཚོགས་ཏང་ཀྲི་པུའུ་སོགས་ཏང་རྩ་འཛུགས་ཀྱིས་ཏང་ཡོན་སྒྲིག་འཛུགས་ཧུར་ཐག་བྱས་ནས་སྲིད་གཙང་རྟེན་གཞིར་ལྟ་སྐོར་བྱེད་པ་དང་། བོད་གསར་རྙིང་བསྡུར་བ་བྱེད་པ། ཁྱིམ་ཚང་དབུལ་པོར་རོགས་སྐྱོར་དང་འཚམས་འདྲིར་སྐྱོད་པ། གཞི་རིམ་དུ་འཁྲབ་སྟོན་བྱེད་པ། སྤུས་རྟགས་ཁེ་ལས་རིག་གནས་གཏོད་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།