[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>འཐུས་མི་ཚོཌ་ཆེན་ཐེངས་9པ།>བོད་དུ་ལག་ལེན་བསྟར།
  • “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་རྒྱུན་ཤེས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-09-07

    “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད། ཏང་གི་མང་ཚོཌ་ལམ་ཕྱོཌ་ཀྱི་སློབ་གསོ་ལག་ལེན་དང“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་བཅས་ཀྱི་ཞིབ་ཕྲའི་བྱ་ཐབས་ཤིག་རེད།

    《ཏང་གི་སྒྲིག་ཡིག》སྒྲིག་སྲོལ་སློབ་སྦྱོང་བྱེད་དགོས། གཞི་རྩའི་ཚད་གཞི་ཁ་གསལ་དང་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུར་དམིགས་ཏེ《ཏང་གི་སྒྲིག་ཡིག》དོན་ཚན་རེ་རེ་བཞིན་བཀླགས་ནས་ཁྱོན་ཡོངས་ནས་ཏང་གི་རྩ་འཛིན་ཤེས་རྟོགས་ཤེས་པ་དང་ཏང་ཡོན་ཚོས《ཏང་གི་སྒྲིག་ཡིག》གོང་དུ་བཀུར་བ་དང་། 《ཏང་གི་སྒྲིག་ཡིག》བརྩི་སྲུང་ཞུ་བ། 《ཏང་གི་སྒྲིག་ཡིག》སྲུང་སྐྱོང་བྱེད་པ་བཅས་བྱ་རྒྱུར་སྣེ་ཁྲིད་བྱས་ཏེ་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་ཏང་ལ་བློ་དཀར་སེམས་དཀར་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་འདོམས་ཚད་གཞི》དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སོགས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་སློབ་སྦྱོང་ནན་ཏན་བྱས་ཏེ་ཏང་གི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་བློ་ལ་བརྟན་པོར་ངེས་ནས་བླ་ན་མེད་པའི་ཀུན་སྤྱོད་དོན་གཉེར་བྱས་ཏེ་རང་རྟོགས་ངང་སྒྲིག་ཁྲིམས་སྲུང་བ་དང་བྱ་བ་སྒྲུབ་པའི་ཚད་གཞི་དང་མཐའ་ཚད་སྲུང་བའི་གོམས་གཤིས་འཇགས་པ་བྱེད་དགོས།

    གསུང་བཤད་རབ་དང་རིམ་པ་སློབ་སྦྱོང་བྱེད་དགོས། རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་རྒྱུར་དམིགས་ནས་སྒྱུར་འཕེལ་བརྟན་གསུམ་དང་། ནང་སྲིད་དང་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་དང་། རྒྱལ་སྐྱོང་། དམག་སྐྱོང་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུཌ་སྐོར་གྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་ནན་ཏན་བྱས་ཏེ་ཏང་ཡོན་ཚོས་གསུང་བཤད་གལ་ཆེན་རབ་དང་རིམ་པའི་ཕུན་སུམ་ཚོགས་པའི་ནང་དོན་དང་ལྟེ་བའི་དོན་སྙིང་དང་དེ་བཞིན་དེའི་ནང་དུ་འདུས་པའི་མར་ཁེ་སེའི་རིང་ལུཌ་ཀྱི་ལངས་ཕྱོཌ་དང་། ལྟ་བ། བྱ་ཐབས་བཅས་ལ་གོ་བ་གཏིང་ཟབ་ལེན་རྒྱུར་ཁྲིད་སྟོན་བྱེད་དགོས།

    ཚད་ལོན་གྱི་ཏང་ཡོན་ཞིག་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གསར་པས་ཏང་ཡོན་ལ་བཏོན་པའི་བླང་བྱར་དམིགས་ནས་ཤེས་རྒྱར་བརྟེན་ནས་བྱ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚད་ལོན་གྱི་ཏང་ཡོན་ཞིག་བྱེད་དགོས། ཏང་ཡོན་ཚོས་ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཆབ་སྲིད་ཀྱི་ངོ་བོ་རྒྱུན་འཁྱོངས་བྱས་ཏེ་ཕུགས་བསམ་དད་སེམས་དེ་དུས་དང་རྣམ་པ་ཀུན་ཏུ་བྱ་སྤྱོད་ཐོག་མངོན་པར་བྱེད་དགོས་པ་དང་བློ་རྩ་བརྟན་ལ་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ནམ་རྒྱུན་དུ་རང་འགུལ་ངང་ཏང་ཀྲུང་དབྱང་ལ་མིག་བལྟོས་དང་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་། བྱེད་ཕྱོགས་དང་སྲིད་ཇུས་བཅས་ལ་མིག་བལྟོས་བྱས་ནས་ཆབ་སྲིད་ཐད་ཀྱི་གསལ་ཤེས་པ་ཞིག་བྱེད་དགོས། ཏང་གི་དམིགས་ཡུལ་ལག་བསྟར་དང་གཞུང་ཞབས་པའི་བསམ་ཚུལ་རྒྱུན་འཁྱོངས་བྱས་ཏེ་གུང་ཁྲན་ཏང་ཡོན་ནི་ངལ་རྩོལ་མི་དམངས་ཁྲོད་ཀྱི་སྤྱིར་བཏང་མི་སྣ་ཞིག་ཡིན་པ་བློ་ལ་བརྟན་པོར་ངེས་པ་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་ནས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།