[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>འཐུས་མི་ཚོཌ་ཆེན་ཐེངས་9པ།>གསར་འགྱུར།
  • བོད་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་ཤུགས་ཆེན་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-01-04

    ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ལས་བྱེད་ལས་བཟོ་གཅིག་སྡུད་སློབ་སྦྱོང་བྱེད་པ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་ནས་སྒྲོག་འགྲེལ་ཟུར་ཁྲིད་བྱེད་པ་སོགས་ཀྱི་བྱེད་སྟངས་མུ་མཐུད་སྤྱད་དེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་གྱི་ངོ་བོ་ནན་ཏན་ངང་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱས་ཡོད། སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་ཚང་མས་ངེས་པར་དུ་སློབ་སྦྱོང་ནན་ཏན་དང་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ་ཕུན་སུམ་ཚོགས་པའི་ནང་དོན་དང་དགོངས་དོན་གྱི་ངོ་བོ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་ནང་སེམས་ལ་ཟུག་པ་དང་ཕྱིའི་བྱ་སྤྱོད་དུ་སྒྱུར་བ་བྱས་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

    ཉེ་ཆར། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་རང་སྐྱོང་ལྗོངས་ཏང་ཨུད་འཆད་འཁྲིད་ཚོགས་པའི་ཁོངས་མི་དང་། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་སློབ་དཔྱོད་པུའི་ཀྲུའུ་རེན། དགེ་རྒན་ཆེ་མོ་བ་བཅས་ཡིན་པའི་ཤུའེ་ཝུན་ཧུའེ་གདན་དྲངས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དོན་སྙིང་གལ་ཆེན་དང་།  དགོངས་དོན་གྱི་ངོ་བོ། སྲོག་ཤིང་གི་ནང་དོན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་བཅས་ལ་དམ་པོར་དམིགས་ནས་སྒྲོག་འགྲེལ་དང་ཟུར་ཁྲིད་བྱས་པ་རེད། སློབ་སྦྱོང་བྱས་པ་བརྒྱུད། འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག“བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང”གཏན་འཁེལ་གནང་བ་ནི་ཏང་གི་གདམ་ག་དང་། མི་དམངས་ཀྱི་གདམ་ག ལོ་རྒྱུས་ཀྱི་གདམ་ག་བཅས་ཡིན་ལ། ཏང་གི་བློ་ཁ་གཏད་ས་དང་། དམག་གི་བློ་ཁ་གཏད་ས། མི་དམངས་ཀྱི་བློ་ཁ་གཏད་ས་བཅས་དང་། ཏང་དང་རྒྱལ་ཁབ་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གནས་སའང་ཡིན་པས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་འདུན་པ་མཚོན་ཡོད། གཞན་ཡང་། “འདུ་ཤེས་བཞི”དང་ལྷག་པར་དུ་སྲོག་ཤིང་གི་འདུ་ཤེས་དང་མིག་ལྟོས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་སྲོག་ཤིང་ལ་གོང་བཀུར་དང་། སྲོག་ཤིང་ལ་བློ་གཏད་བཅོལ་བ། སྲོག་ཤིང་ལ་ལྷག་བསམ་ཟོལ་མེད་བྱེད་པ། སྲོག་ཤིང་ལ་བརྩི་སྲུང་བཅས་མཐའ་གཅིག་ཏུ་བྱས་ཏེ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། དེ་དང་དུས་མཚུངས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ལས་དོན་སྙན་སྒྲོན་ནང་གི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་རབ་དང་རིམ་པ་ཡག་པོ་སྒྲུབ་དགོས་པའི་བཀོད་སྒྲིག་དང་བླང་བྱ་གཙོ་གནད་ཐོག་ཁོང་དུ་ཆུད་པ་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་གྱི་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་ཀྱི་ལས་ཀའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་། ཆོས་ལུགས་ཞི་མཐུན་ལ་སྐུལ་མ་གཏོང་བ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་བསལ་ནུས་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས་པའི་ངོས་འཛིན་བྱས་པ་རེད།

    མངའ་རིས་ས་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཉེ་ཆར་མངའ་རིས་ས་ཁུལ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་ཡན་ལག་ཚོགས་པ་དང་པོས་ས་ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཞིང་འབྲོག་ཅུས། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་བཅས་སུ་སྒྲོག་འགྲེལ་བྱས་པ་རེད།

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བཟོ་ལས་དང་ཆ་འཕྲིན་ཅན་ཅུས་ཀྱིས་ལས་བྱེད་ལས་བཟོ་ཡོངས་སྒྲིག་འཛུགས་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་གཅིག་སྡུད་སློབ་སྦྱོང་བྱས་ཤིང་། ཚོགས་འདུའི་ཐོག་ལས་བྱེད་ལས་བཟོ་ཡོངས་ལ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་བླང་བྱ་གཞིར་བཟུང་། “འདུ་ཤེས་བཞི”བརྟན་པོ་བཙུགས་ཏེ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་མཐའ་གཅིག་ཏུ་བྱེད་པ་དང་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། དེ་དང་དུས་མཚུངས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བཟོ་ལས་དང་ཆ་འཕྲིན་ཅན་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།